ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀོང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་སྤྱི་ཚེས15ཉིན་གྱི་དགོང་མོ་བརྡ་ཁྱབ་བཏང་བར་གཞིགས་ན། ཉིན་དེའི་དགོང་མོ་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཁུལ་ཀོང་ཀྲོའུ་ལམ་ཆེན་གྱི་ཟམ་ཆེན་གྱི་ལྷོ་ངོས་དང་གཞུང་ལམ་ལྷོ་ངོས་སུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་མེ་འབར་བ་དང་། ཆུ་ཚོད་༢༢དང་སྐར་མ་༣༠བར་སླེབས་སྐབས། དོན་རྐྱེན་ནང་ཁྱོན་མི2རྐྱེན་ལམ་དུ་ཤོར་བ་དང་། མི32ལ་རྨས་སྐྱོན་ཕོག་ཡོད་པ་རེད། མིག་སྔར། རྨས་མ་ཡོངས་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་ཟིན་པ་དང་། དོན་རྐྱེན་ཐོན་སའི་འགྲིམ་འགྲུལ་སྒྲིག་ལམ་སླར་གསོ་བྱུང་ཟིན་ཡོད་པ་རེད། དོན་རྐྱེན་དེ་ཐོན་རྗེས། ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་འཁྲིད་ཀྱིས་འཕྲལ་དུ་དོན་རྐྱེན་ཐོན་སར་ཕེབས་ཏེ་བཀོད་འདོམས་དང་། དོན་རྐྱེན་ཐག་གཅོད་ལས་དོན་བཀོད་སྒྲིག་གནང་བ་དང་། ནུས་ཤུགས་ཡོད་རྒུ་བཏོན་སྟེ་རྨས་མ་སྐྱོབ་བཅོས་བྱེད་པ་དང་ཆབས་ཅིག་གང་མགྱོགས་དོན་རྐྱེན་ཐོན་རྐྱེན་བརྟག་དཔྱད་བསལ་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། མིག་སྔར། ཀོང་ཀྲོའུ་ཡི་ཉེན་རྟོགས་ཕྱོགས་ནས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་རླངས་འཁོར་གྱི་མེ་འབར་རྐྱེན་ཐད་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། །