མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ནན་ཅིན་ན་གཞོན་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པར་ཡིག་ལན་བསྐུར་ཏེ། ན་གཞོན་དང་བླངས་པས་ལང་ཚོ་དང་སྤྲོ་སེམས་ལ་བརྟེན་ནས་ཆེས་བཟང་བའི་ཀྲུང་གོའི་སྣང་བརྙན་བསྐྲུན་དགོས་པའི་སྐུལ་མ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་གཉིས་པའི་དཔྱིད་ཀའི་ན་གཞོན་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགྲན་ཚོགས་དེ་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནན་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་ནན་ཅིན་ན་གཞོན་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པར་ཡིག་ལན་བསྐུར་ཏེ། ཁོ་ཚོ་དང་བླངས་པའི་ཞབས་ཞུའི་བྱ་འགུལ་ཁྲོད་ཧུར་ཐག་སྒོས་ཞུགས་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཁོ་ཚོའི་ན་གཞོན་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགྲན་ཚོགས་སྟེང་གི་བྱ་བར་རེ་བ་ནན་མོ་བཏོན།

ཞི་ཅིན་ཕེན་གྱིས་ན་གཞོན་དང་བླངས་པ་ཚོས་ཨོ་ལིན་ཕིས་ཁིའི་སྙིང་སྟོབས་དང་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་འདོན་སྤེལ་བྱས་ནས། དང་བླངས་པའི་ཞབས་ཞུའི་བྱ་འགུལ་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་བྱས་རྗེས་འཇོག་དགོས་པར་མ་ཟད། ཀྲུང་ཧྭའི་རིག་གནས་དར་སྤེལ་དང་ཀྲུང་གོའི་གཏམ་རྒྱུད་དྲིལ་སྒྲོག་བཟང་བོ་བྱས་ཏེ། ལང་ཚོ་དང་སྤྲོ་སེམས་ལ་བརྟེན་ནས་ཆེས་བཟང་བོའི་ཀྲུང་གོའི་སྣང་བརྙན་བསྐྲུན་དགོས་ལ། ཀྲུང་གོའི་ཕུགས་འདུན་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་བར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག