མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་ཆི་ཧྲན་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་དབྱང་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:40

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཝང་ཆི་ཧྲན་ཚེས་བཅུ་དྲུག་ཉིན་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་དབྱང་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཝང་ཆི་ཧྲན་ཚེས་བཅུ་དྲུག་ཉིན་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་དབྱང་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་ཐེངས་མང་པོར་ཡར་ཞུ་ལ་ཉན་ནས་སྐོར་ཞིབ་བྱ་བར་ཁ་ཕྱོགས་གསལ་བོར་བསྟན། སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་ཏང་ཨུའི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པའི་མཚོན་བྱེད་ཡིན་པས། ལངས་ཕྱོགས་བརྟན་ཞིང་རྣམ་འགྱུར་དྲང་བ་དང་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས། རྒྱུན་ལྡན་གྱི་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པ་དང་མཉམ་དུ་ས་གནས་དང་ལས་ཁུངས། ཡང་ན་ཁེ་ལས་དང་ལས་དོན་ལས་ཁུངས་བཅས་སུ་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ་སྟབས་བསྟུན་སྣ་མང་གི་སྒོ་ནས་ཆེད་དོན་སྐོར་ཞིབ་བྱ་བ་བསྒྲུབ་དགོས་ལ། སྐོར་ཞིབ་ལས་བྱེད་པས་ཀྲུང་དབྱང་གིས་གནང་བའི་དབང་གྲགས་ལ་གཅེས་སྤྲས་བྱས་ཏེ། རྩ་དོན་རྒྱུན་འཁྱོངས་དང་སྤོབས་པ་ཆེན་པོས་བྱ་བ་བསྒྲུབ་པ་དང་གནད་དོན་རྩད་གཅོད་པའི་དཔེ་དམག་བཟང་བོ་ཞིག་བྱེད་དགོས་ཟེར།

ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་ཀོང་ཞི་དང་ཧྲང་ཧེ། མཚོ་སྔོན། བོད་ལྗོངས། ཀྲེ་ཅང་། ཧི་པེ། ཧྲན་ཞི། ཧེ་ལུང་ཅང་། སི་ཁྲོན། ཅང་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅུ་ནས་རྒྱུན་ལྡན་གྱི་སྐོར་ཞིབ་བྱ་བ་བསྒྲུབ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག