མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2014ལོའི་གསར་འགོད་པའི་ལག་ཁྱེར་བརྗེ་བའི་ལས་ཀ་སྤྱི་ཟླ7ཚེས15ཉིན་ཁྱོན་ཡོངས་ནས་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-16 10:47

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ཚེས་༡༤ཉིན་པེ་ཅིང་དུ་སྤྱི་ལོ2014ལོའི་གསར་འགོད་པའི་ལག་ཁྱེར་བརྗེ་བའི་ལས་ཀ་སྤྱི་ཟླ7ཚེས15ཉིན་ཁྱོན་ཡོངས་ནས་འགོ་ཚུགས་ཤིང་། སྤྱི་ཟླ10ཚེས30ཉིན་མཇུག་སྒྲིལ་རྒྱུའི་འཆར་གཞི་ཡོད་པ་རེད།

ད་རེས་གསར་འགོད་པའི་ལག་ཁྱེར་བརྗེ་དགོས་མཁན་གྱི་ཚན་པ་རྣམས་ཐེངས་དང་པོར་གསར་འགོད་པའི་ལག་ཁྱེར་སྤྲོད་རྒྱུ་ཞིབ་དཔྱད་དང་ཚོད་ལྟ་བྱེད་པའི་གསར་འགྱུར་དྲ་ཚིགས་ཐོག་བཀོད་ཐོག ཐེངས་དང་པོར་གསར་འགྱུར་ཚན་པས་གསར་འགོད་པའི་ལག་ཁྱེར་ལེན་མཁན་མི་སྣ་དང་དེའི་ལས་ཀ་བྱེད་སའི་གསར་འགྱུར་ཚན་པའི་བར་བཞག་པའི་གསང་སྲུང་ཁས་ལེན་ཡི་གེ་དང་འགན་གནས་བྱ་སྤྱོད་ཆ་འཕྲིན་གྱི་གསང་བའི་གྲོས་མཐུན་ཡི་གེ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱི་ཚགས་པར་དང་དུས་དེབ་སིའི་འབྲེལ་ཡོད་འགན་འཁུར་མི་སྣས་གསར་འགོད་པའི་ལག་ཁྱེར་བརྗེས་རྗེས་རྒྱལ་ཡོངས་སུ་གསར་འགོད་པ་ཉིས་ཁྲི་ལྔ་སྟོང་ལ་གསར་འགོད་པའི་ལག་ཁྱེར་པ་རག་རྒྱུ་རེད་ཅེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག