མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨུ་རུ་སི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་གཞོན་པ་དང་པོར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-16 10:47

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་གཞོན་པ་དང་པོ་མེས་ལིས་ཉི་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་གཞོན་པ་དང་པོ་མེས་ལིས་ཉི་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅོ་ལྔ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་གཞོན་པ་དང་པོ་མེས་ལིས་ཉི་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་མཉམ་ལས་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུང་མོང་གི་ལྟ་བ་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཏུའུ་མའི་མཉམ་ལས་ཨུ་ཡོན་ལྷན་ཁང་བཅས་ནི་ཀྲུང་གོས་ཕྱི་རྒྱལ་གྱིས་བཙུགས་པའི་ཆུ་ཚད་མཐོ་བའི་ཁྲིམས་འཛུགས་ལས་ཁུངས་དང་འབྲེལ་འདྲིས་བྱེད་པའི་ལས་ཁུངས་ཁོ་ན་ཡིན་པས། ཕྱོགས་གཉིས་ཀྱིས་གནས་བབ་གསར་བ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས། ཁྲིམས་འཛུགས། རྒྱལ་སྐྱོང་སྲིད་འཛིན་སོགས་ཐད་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་དམིགས་ནས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

མེས་ལིས་ཉི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཏུའུ་མས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་དང་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག