ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས18ཉིན། ཨུ་ལུམ་ཆི་གྲོང་ཁྱེར་གྱིས་ཐེངས་དང་པོར་གཞི་ཁྱོན་ཆེན་པོས་ཕྱི་རྒྱལ་དུ་ཡུལ་སྐོར་འོས་སྦྱོར་བྱ་རྒྱུ་དང་། ཚོ་ཆུང་ཁག་གསུམ་ལ་བགོས་ནས་དར་གོས་ལམ་བུའི་རྒྱུད་ཀྱི་རྒྱལ་ཁབ་ཏུ་བསྐྱོད་རྒྱུ་རེད།
ད་ཐེངས་ཡུལ་སྐོར་འོས་སྦྱོར་བྱ་ཡུལ་གཙོ་བོ་ནི་ཨེ་ཤ་ཡའི་དབུས་ཁུལ་དང་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་ཡིན་པ་དང་། ལམ་ཐིག་ནི་ཐུར་ཁེ་ནས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་བར་དང་། ཧ་སག་སི་ཐན་ནས་ཅིར་ཅི་སི་ཐན་བར། སིང་ག་ཕོར་ནས་མ་ལེ་ཞི་ཡའི་བར་བཅས་སུ་དབྱེ་ཡོད་པ་རེད།
ཨུ་ལུམ་ཆི་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཏང་ཚོ་ཆུང་གི་འགོ་ཁྲིད་ཀྲང་ཅང་ཀྲའུ་གིས། ཡུལ་སྐོར་བ་མང་བའི་དུས་ཚིགས་འདིར་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་འདི་སྤེལ་བ་དེས་ཨུ་ལུམ་ཆི་གྲོང་ཁྱེར་གྱི་ཡུལ་སྐོར་གྱི་སྙན་གྲགས་ཆེ་རུ་འགྲོ་རྒྱུ་དང་། ཆབས་ཅིག་དར་གོས་ལམ་བུའི་ཡུལ་སྐོར་ཐོན་རྫས་མཉམ་དུ་གསར་སྤེལ་བྱ་རྒྱུར་ཕན་ཐོག་ངེས་ཞེས་གསུངས་འདུག །