མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་གཙོ་གནད་རྡོ་སོལ་ཁེ་ལས་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་གཏོང་ཐབས་བརྗེ་བསྒྱུར་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-16 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ནང་སོག་གིས་གཙོ་གནད་རྡོ་སོལ་ཁེ་ལས་ཀྱི་གོང་འཕེལ་མགྱོགས་སུ་གཏོང་བ་བརྒྱུད། ལྗོངས་ཡོངས་ཀྱི་བཟོ་ལས་དེ་ཁ་གྲངས་མང་དུ་གཏོང་བ་ནས་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ལ་འགྱུར་བ་གཏོང་བཞིན་ཡོད་པ་རེད།

ད་ལོའི་སྤྱི་ཟླ7པའི་ཚེས1ཉིན་ནས་བཟུང་། ནང་སོག་གིས་རྡོ་སོལ་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་བྱ་རྒྱུ་ལྷུག་ཏུ་བཏང་ཞིང་། སླད་ནང་ཤུགས་དང་ཟླ་སྒྲིལ་གཏོང་བའི་ཐད་ཆོག་མཆན་ཞུ་མི་དགོས་པ་བཟོས་པ་དང་། ཟླ་སྒྲིལ་བསྐྱར་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད། གློག་ཤུགས་དང་། རྫས་འགྱུར་བཟོ་ལས། མདོག་ལྡན་ལྕགས་རིགས། ཨར་བསྐྲུན་རྒྱུ་ཆ་སོགས་གོང་འོག་ཐོན་ལས་དག་ཟླ་སྒྲིལ་གཞི་གཅིག་ཅན་དུ་འགྱུར་བ་བྱེད་པའི་འཕེལ་རིམ་ནང་ཧུར་བརྩོན་ཆེན་པོས་ཞུགས་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། མ་བཅོས་རྡོ་སོལ་ལོ་རེའི་ཐོན་ཚད་ཏུན་བྱེ་བ་ལྔ་ཟིན་པའི་གཙོ་གནད་རྡོ་སོལ་ཁེ་ལས་ཁག་ལ་ཆ་རྐྱེན་གཅིག་མཚུངས་འོག་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ལོངས་སུ་སྤྱད་ཆོག་པའི་སྲིད་ཇུས་བཟོས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག