མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་དང་པོའི་ཀྲུང་གོ་དང་ཡོ་རོབ་ཀྱི་བདེ་སྲུང་འགྲེམས་ཚོགས་དེ་སྤྱི་ཟླ་བརྒྱད་པར་ཨུ་ལུམ་ཆི་གྲོང་ཁྱེར་དུ་གཉེར་རྒྱུ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-16 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དང་པོའི་བདེ་སྲུང་འགྲེམས་ཚོགས་དེ་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར་ཨུ་ལུམ་ཆི་གྲོང་ཁྱེར་དུ་གཉེར་རྒྱུ་དང་། སྐབས་དེར་བདེ་འཇགས་ཀྱི་ཉེན་ཟོན་དང་། ཉེན་རྟོག་པའི་འཇིགས་སྐུལ་ལ་ཁ་གཏད་གཅོག་པའི་ལག་ཆ་དང་། འཕྲལ་སྒྲུབ་རོགས་སྐྱོབ། མེ་ཟོན་ཡོ་ཆས་སོགས་ཀྱི་ལས་རིགས་ཀྱི་ལག་རྩལ་དང་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུདང་། རྒྱལ་ཁབ་ཉི་ཤུ་ཙམ་གྱི་འཐུས་མི་སུམ་ཅུས་འཛམ་གླིང་ཧྲིལ་པོའི་བདེ་སྲུང་མནའ་འབྲེལ་གྱི་སྐོང་འཚོགས་བྱས་པའི་སྒྲོག་སྒོར་གྲོས་ཚོགས་འཚོགས་རྒྱུ་རེད།

འགྲེམས་ཚོགས་རིང་ད་དུང་འཛམ་གླིང་ཧྲིལ་པོའི་བདེ་སྲུང་མནའ་འབྲེལ་གྱིས་གཙོ་སྐྱོང་བྱས་པའི་སྒྲོག་སྒོར་གྲོས་ཚོགས་འཚོགས་རྒྱུ་རེད། སྐབས་དེར་ཨ་རི་དང་། འཇར་མན། ཨུ་རུ་སུ། དབྱི་སི་རལ། སིང་ག་ཕོར། པེར་ཀྲེམ་བཅས་དང་དེ་བཞིན་རྒྱལ་ནང་གི་ཞིང་ལྗོངས་ཁག་གི་བདེ་སྲུང་ལས་རིགས་ཀྱི་རིགས་གཅིག་མཁས་པ་དང་རིག་གནས་པས། འཛམ་གླིང་ཧྲིལ་པོའི་བདེ་སྲུང་ཁྲོམ་རའི་ད་ལྟའི་གནས་བབ་དང་དེ་བཞིན་འཐབ་ཇུས་ལེགས་སྒྲིག་ཐད་གྲོས་བསྡུར་བྱ་རྒྱུ་རེད། དེ་མིན་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་དང་ཁེ་ལས་ཀྱི་འཐུས་མི་བཞི་བརྒྱ་ཙམ་གྱིས་ཐུན་མོང་ཐོག་བདེ་འཇགས་ལྡན་པའི་གྲོང་ཁྱེར་འཛུགས་རྒྱུའི་འཐབ་ཇུས་ཐད་གྲོས་མོལ་བྱ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག