མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་2014ལོའི་དཔྱད་ཀའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-16 10:45

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་2014ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།
ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་2014ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བཅོ་ལྔ་ཉིན་2014ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་སྐབས་འདིའི་མཐར་ཕྱིན་སློབ་མ་བསྡོམས་པས་དྲུག་བརྒྱ་དང་སོ་བདུན་ཡོད། སློབ་མ་རྣམས་ཀྱིས་བཤད་རྒྱུར། ཏང་གི་སློབ་གྲྭ་ནས་གསོ་སྦྱོང་བྱེད་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་ནན་མོ་བྱས་ནས། ཏང་ཀྲུང་དབྱང་གི་དགོངས་དོན་ལ་སྔར་ལས་ཤེས་རྟོགས་བྱུང་བ་དང་། གནད་དོན་གྱི་འདུ་ཤེས་ཇེ་དྲག་ཏུ་སོང་བ། ལས་འགན་ཁུར་ཐུབ་པའི་ནུས་པ་ཇེ་ཆེར་སོང་ཡོད་པར་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་གཞུང་དང་ཁྱད་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་ལ་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ནས། རིགས་གཞུང་གི་ཆུ་ཚད་དང་ཏང་གཤིས་བློ་སྦྱོང་བྱང་ཚད་མཐོར་འདེགས་སུ་བཏང་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག