མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:41

习近平会见印度总理莫迪 1.jpg

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པ་ཞིའི་ཧྥུའུ་ཐ་ལེ་ས་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

习近平会见印度总理莫迪 2.jpg

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པ་ཞིའི་ཧྥུའུ་ཐ་ལེ་ས་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཚེས་བཅུ་བཞིན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པ་ཞིའི་ཧྥུའུ་ཐ་ལེ་ས་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

     ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཅིག་ཡིན་ལ། ཚང་མ་མི་རིགས་བསྐྱར་དར་གྱི་རླབས་ཆེ་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་གནས་ཡོད་པས། ཞི་བདེ་དང་འཕེལ་རྒྱས་ནི་ཆེས་གཅེས་སྤྲས་བྱེད་པའི་དོན་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཕུགས་བསམ་དང་དམིགས་འབེན་ཚང་མ་ཧ་ཅང་གཅིག་མཚུངས་ཡིན། ངས་ཙུང་ལི་མའོ་ཏིས་དང་མཉམ་དུ་ཀྲུང་གོ་དང་རྒྱ་གར་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། ང་ཚོའི་འཐབ་ཇུས་ཀྱི་གོ་སྐབས་བཟང་བོར་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

    མའོ་ཏིས་ཀྱིས་བཤད་རྒྱུར། རྒྱ་གར་སྲིད་གཞུང་གསར་བས་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་འབད་པ་བྱས་ནས། ཀྲུང་གོའི་ཕན་འབྲས་ལྡན་པའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། གནས་སྐོར། སློབ་གསོ། ཤེས་ལྡན་མི་སྣ་བཅས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག