མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:41

  刘云山出席全国优秀年轻干部培养选拔工作座谈会.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚེས་བཅུ་བཞི་ཉིན་རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚེས་བཅུ་བཞི་ཉིན་རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་ལས་བྱེད་པའི་ཚད་གཞི་དངོས་འབེབས་བཟང་བོ་བྱས་ཏེ། སྐྱེད་སྲིང་དང་སྦྱོང་བརྡར་བྱེད་པ་རྨང་གཞི་བྱེད་ཅིང་གདམ་གསེས་དང་བཀོལ་སྤྱོད་བཟང་བོ་བྱེད་པ་གཞི་རྩ་བྱེད་པ་དང་། དོ་དམ་ནན་མོ་བྱེད་པ་འགན་སྲུང་བྱས་ནས་སྐྱེད་སྲིང་དང་གདམ་གསེས་རྣམ་པ་ལེགས་སྒྱུར་དང་གསར་སྐྲུན་བྱེད་དགོས་ལ། བྱང་ཚད་མཐོ་བའི་ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

    ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། མི་བཀོལ་སྤྱོད་དང་གདམ་གསེས་བྱེད་པ་ལས་ལས་བྱེད་པའི་བྱ་བའི་ཁ་ཕྱོགས་གསལ་བོར་མཚོན་ཡོད་པས། ཡོང་ཁུངས་རྒྱ་བསྐྱེད་ཅིང་གྲུབ་ཚུལ་ལེགས་སྒྱུར་དང་རྣམ་པ་གསར་སྐྲུན་བྱེད་པ་དང་། སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་རེ་བ་ལྟར། ཕུལ་བྱུང་ན་གཞོན་ལས་བྱེད་པའི་གདམ་གསེས་བྱ་བ་ལེགས་སྒྱུར་དང་གསར་སྐྲུན་བྱེད་དགོས། ཕུལ་བྱུང་ན་གཞོན་ལས་བྱེད་པ་མངའ་ཁོངས་བརྒལ་ནས་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་བཅས་ནས་གདམ་གསེས་བྱས་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་ཏང་སྲིད་ལས་ཁུངས་ལ་ལེན་པར་ཡིད་འཇོག་བྱེད་དགོས་པ་དང་། གཞི་རིམ་དང་ལྷག་པར་དུ་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ཉམས་སད་ཐེག་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་གདམ་གསེས་བྱེད་པར་ཡིད་འཇོག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག