མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དབྱར་ཁའི་གུང་གསེང་རིང་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-15 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་10ཉིན་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་སློབ་མ་ཚད་ལས་བརྒལ་ནས་བླུགས་པའི་སློབ་འཁོར(སློབ་མ་8ལས་བླུག་མི་ཆོག་རུང་དངོས་སུ་སློབ་མ་11བླུགས་པ)ཆུ་རྫིང་ནང་ལྷུངས་བའི་ལས་འཛོལ་ཐོན་ནས་ཕྲུ་གུ་8ཚུད་པའི་མི་11རྐྱེན་ལམ་དུ་ཤོར་ཡོད་པ་རེད། མིག་སྔར་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པ་ཧ་ཅང་མང་པོ་ཞིག་གྲོང་ཁྱེར་དུ་ཕ་མའི་སར་སྐྱོད་སྐབས་རླངས་འཁོར་ནང་སློབ་མ་ཚད་ལས་བརྒལ་ནས་བླུགས་པའི་ཁྲིམས་འགལ་གནད་དོན་མང་པོ་ཐོན་པ་དང་ལས་འཛོལ་ཐོན་ཉེན་ཆེ་རུ་འགྲོ་བའི་ཁྱད་ཆོས་ལ་དམིགས་ནས་སྤྱི་བདེ་པུས་ས་གནས་ཁག་གི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ཁག་ལ་སློབ་འཁོར་རམ་ཡང་ན་སློབ་མ་སྐྱེལ་བསུ་བྱེད་མཁན་རླངས་འཁོར་སྐྱོད་སའི་ལམ་དུམ་གྱི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ནས་ལམ་ངོས་སུ་སྒྲིག་འགལ་བྱེད་སྤྱོད་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་སྟེ་སློབ་འཁོར་ནང་སློབ་མ་ཚད་ལས་བརྒལ་ནས་བླུག་པ་དང་།མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ།ངལ་དུབ་ངང་རླངས་འཁོར་གཏོང་བ་སོགས་ཀྱི་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་སློབ་འཁོར་བདེ་འཇགས་ངང་འགྲོ་སྐྱོད་དང་གཞོན་ནུ་ལོ་ཆུང་གི་ཕྱིར་སྐྱོད་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཐོག་དམིགས་སའི་རང་བཞིན་ལྡན་པའི་བདེ་འཇགས་ཉེན་གཏོང་དང་ལས་འཛོལ་སྔོན་འགོག་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

དེ་དང་ཆབས་ཅིག་སྤྱི་བདེ་པུས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དབྱར་ཁའི་གུང་གསེང་རིང་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ་སྟེ།གྲོང་གསེབ་ས་ཁུལ་གྱི་འགྲོ་ལམ་བདེ་འཇགས་ཆ་རྐྱེན་ཞན་པ་དང་འགྲིམ་འགྲུལ་བདེ་འཇགས་འགོག་སྲུང་སྒྲིག་བཀོད་ཞན་པས་གྲོང་གསེབ་ཀྱི་སློབ་འཁོར་ནང་སློབ་མ་ཚད་ལས་བརྒལ་ནས་སྐྱེལ་བསུ་བྱེད་མི་ཆོག་པ་དང་།ཀྱག་ཀྱོག་དང་གཡང་གཟར་ཆེ་བའི་ལམ་དུམ་བརྒྱུད་སྐབས་མྱུར་ཚད་དལ་དུ་གཏོང་བ་དང་ལྟ་ཞིབ་བྱ་རྒྱུར་དོ་སྣང་བྱེད་པ་ལས་བཙན་ཤེད་ངང་མདུན་དུ་གཏོང་བ་དང་རླངས་འཁོར་གདོང་ཐུག་མི་ཡོང་བ་བྱེད་དགོས་པ་དང་།འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་བདེ་འཇགས་ནུས་པ་ཞན་པས་མྱུར་ཚད་ལས་བརྒལ་ནས་མི་གཏོང་བ་དང་།མི་ཚད་ལས་བརྒལ་ནས་མི་བླུག་པ།མི་དང་དོ་པོ་མཉམ་དུ་མི་བླུག་པ་བཅས་བྱེད་དགོས་པ།དབྱར་ཁའི་གུང་གསེང་རིང་སློབ་མ་ཚོ་སློབ་མཚམས་བཞག་ནས་གཅིག་སྡུད་ཐོག་ཁྱིམ་དུ་ལོག་པ་དང་གཞིས་སྲུང་བྱིས་པ་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་ནས་གྲོང་ཁྱེར་དུ་ཕ་མ་དང་ཐུག་འཕྲད་བྱེད་མང་དུ་འགྲོ་བས་རྒྱ་ཆེའི་གཞིས་སྲུང་བྱིས་པ་སྐྱེལ་བསུ་དང་སློབ་མ་སྐྱེལ་བསུ་བྱེད་མཁན་ཁ་ལོ་བ་ཚོས་ངེས་པར་དུ་ཡིད་གཟབ་ཏན་ཏིག་དང་བདེ་འཇགས་ངང་རླངས་འཁོར་གཏོང་བ་ལས་སློབ་མ་ཚད་ལས་བརྒལ་ནས་བླུག་པ་དང་མྱུར་ཚད་ལས་བརྒལ་བ་དང་ངལ་དུབ་ངང་རླངས་འཁོར་གཏོང་མི་ཆོག་པ་བཅས་ཡིན་པ་རེད།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག