མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་རང་རྒྱལ་གྱི་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1.8ལས་བརྒལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-15 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་9ཉིན་ཀྲུང་གོ་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་གིས《2013ལོའི་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཀྱི་དབྱེ་ཞིབ་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དང་།གྲངས་གཞི་ལས་མངོན་དོན།2013ལོའི་རང་རྒྱལ་གྱི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་18246.4ཟིན་པ་དེ་2012ལོ་ལས་སྒོར་དུང་ཕྱུར་1611.1མང་དུ་སོང་ནས་འཕར་ཚད་9.7%ཟིན་ཡོད་པ་རེད།

གྲངས་གཞི་ལས་མངོན་དོན།རང་རྒྱལ་གྱི་དཔེ་དེབ་སྣ་ཁ་བསྟུད་མར་མང་དུ་སོང་རྗེས་སླར་ཡང་ཉུང་དུ་འགྲོ་བའི་རྣམ་པ་མངོན་ཡོད་ཅིང་།2013ལོར་རྒྱལ་ཡོངས་སུ་དཔེ་དེབ་སྣ་ཁ་ཁྲི་44.4པར་སྐྲུན་བྱས་པ་དེ་2012ལོ་ལས་སྣ་ཁ་ཁྲི་3.0མང་དུ་སོང་ནས་7.4%འཕར་ཡོད།རིག་གནས་དང་།ཚན་རིགསློབ་གསོ།ལུས་རྩལ་རིགས་ཀྱི་དཔེ་དེབ་སྣ་ཁ་མངོན་གསལ་དོད་པོས་ཉུང་དུ་སོང་བའི་ཤུགས་རྐྱེན་གྱིས་དཔེ་དེབ་སྣ་ཁ་བརྒྱ་ཆའི་གྲངས་4.7ཆག་པ་དང་།བསྐྱར་པར་དཔེ་དེབ་སྣ་ཁ་9.6%འཕར་ནས་འཕར་ཚད་བརྒྱ་ཆའི་གྲངས་3.4ཟིན་པ་དེ་ཐོག་ནས་གསར་འགྱུར་དཔེ་སྐྲུན་སྲིད་འཛིན་སྡེ་ཚན་གྱིས་ཕུལ་བྱུང་དཔེ་དེབ་ཀྱི་འཐབ་ཇུས་ལག་ལེན་ཧུར་ཐག་བསྟར་བ་དང་བྱ་ཐབས་སྣ་མང་སྤྱད་དེ་དཔེ་སྐྲུན་ཚན་པར་གྲངས་འབོར་ཁོ་ན་དོན་གཉེར་བྱེད་པ་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་དཔེ་དེབ་པར་སྐྲུན་དང་ལྷག་དོན་དུ་སློབ་གསོའི་ཟུར་ཁྲིད་རིགས་ཀྱི་དཔེ་དེབ་པར་སྐྲུན་བྱེད་པའི་སྒྲིག་ལམ་བཅོས་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་པས་ཕན་འབྲས་རགས་ཙམ་ཐོན་པ་མངོན་ཡོད་པ་རེད།

《སྙན་ཞུའི》ནང་བསྟན་དོན།2013ལོར་རང་རྒྱལ་གྱི་ཚགས་པར་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་དང་ཁེ་སྤོགས་གཉིས་ཀ་ཆག་ཡོད།ཚགས་པར་པར་སྐྲུན་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་776.7ཟིན་ནས་སྒོར་དུང་ཕྱུར་85.7ཉུང་དུ་སོང་བ་དང་ཆག་ཚད་8.9%ཟིན་པ་དང་ཁེ་སྤོགས་སྒོར་དུང་ཕྱུར་87.7ཟིན་ནས་སྒོར་དུང་ཕྱུར་11.6ཉུང་དུ་སོང་བ་དང་ཆག་ཚད་11.7%ཟིན་པ་དེ་ཐོག་ནས་གྲངས་གཞི་ཅན་གྱི་ལྟ་ཀློག་བྱེད་རྒྱུ་སྔར་བས་རྒྱ་ཁྱབ་ཏུ་སོང་བ་དང་ཆ་འཕྲིན་བརྒྱུད་བསྒྲགས་དང་ཡོང་ཁུངས་ལ་འགྱུར་ལྡོག་ཟབ་མོ་བྱུང་བ་དེས་ཚགས་པར་པར་སྐྲུན་ལ་ཤུགས་རྐྱེན་ངན་པ་ཕོག་ཚུལ་མངོན་པ་དང་འབྲེལ་རིགས་མི་འདྲ་བའི་ཚགས་པར་ལ་འགྱུར་བ་བྱུང་བ་སྟེ།རྒྱལ་ཡོངས་རང་བཞིན་གྱི་ཚགས་པར་པར་རྒྱག་སྤྱི་འབོར་5.3%འཕར་བ་དང་པར་གྲངས་བསྡོམས་འབོར་5.6%མང་དུ་སོང་བ་དང་ཞིང་ཆེན་རིམ་པ་དང་ས་གནས་རིམ་པའི་ཚགས་པར་པར་རྒྱག་སྤྱི་འབོར་དང་པར་གྲངས་སྤྱི་འབོར་ཉུང་དུ་སོང་བའི་ཁར་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་བཟང་པོ་ལྡན་པའི་ས་གནས་ཚགས་པར་ཁག་གཅིག་གི་སྤྱི་འབོར་ཚད་གཞི་མི་འདྲ་བའི་ངང་ཆག་ཡོད་པ་དེ་རེད།

བསྡོམས་རྩིས་གྲངས་གཞི་ལས་མངོན་དོན།གྲངས་གཞིའི་དཔེ་སྐྲུན་གྱི་ལས་གཉེར་ཡོང་འབབ་མུ་མཐུད་མང་དུ་སོང་བ་དང་གྲངས་གཞི་ཅན་གྱི་ནང་དོན་གསར་པའི་ཞབས་ཞུའི་ཡོང་འབབ་ཆེས་ཆེར་འཕར་ཡོད།2013ལོར་གྲངས་གཞིའི་པར་སྐྲུན་གྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་2540.4ཟིན་པ་དེ་2012ལོ་ལས་སྒོར་དུང་ཕྱུར་604.9མང་དུ་སོང་བ་དང་འཕར་ཚད་31.3%ཟིན་ནས་ལས་རིགས་ཡོངས་ཀྱི་ལས་གཉེར་ཡོང་འབབ་ཀྱི་13.9%བཟུང་བ་དང་བརྒྱ་ཆའི་གྲངས2.3འཕར་ཡོད།དྲ་ཐོག་རོལ་དབྱངས་དང་དྲ་རྒྱའི་འགུལ་བརྙན་གྱི་ལས་གཉེར་ཡོང་འབབ་ལྡབ་1.5འཕར་ནས་འཕེལ་ཚུལ་བཟང་པོ་ཐོན་པ་དེ་ཐོག་ནས་གྲངས་གཞི་ཅན་གྱི་ནང་དོན་གསར་པའི་ཞབས་ཞུ་དེ་གསར་འགྱུར་དཔེ་སྐྲུན་ལས་རིགས་གྲངས་གཞི་ཅན་དུ་བསྒྱུར་རིང་ནུས་པ་ཆེན་པོ་ཐོན་པ་མངོན་གྱི་ཡོད།དེ་དང་བསྡུར་ན།གློག་རྡུལ་དཔེ་དེབ་དང་།དྲ་སྦྲེལ་དུས་དེབ།གྲངས་གཞིའི་ཚགས་པར་བཅས་ཀྱི་ལས་གཉེར་ཡོང་འབབ་7.0%འཕར་བ་དང་གྲངས་གཞིའི་དཔེ་སྐྲུན་ཁྱོན་ཡོངས་མྱུར་དུ་གོང་འཕེལ་འགྲོ་བ་ལས་ཆག་ཡོད་པ་དེ་ཐོག་ནས་སྲོལ་རྒྱུན་གྱི་དཔེ་སྐྲུན་དཔེ་དེབ་གྲངས་གཞིར་བསྒྱུར་རྒྱུར་ད་དུང་ཤུགས་སྣོན་རྒྱག་དགོས་པ་མངོན་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག