མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྲང་ཧའེ་ཡིས་ཁྲིམས་འཛིན་ལ་སྒྱུར་བཅོས་བྱེད་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-15 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་12ཉིན་གྱི་སྔ་དྲོ་ཧྲང་ཧའེ་ཡིས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྲིམས་འཛིན་སྒྱུར་བཅོས་ཀྱི་ཚོད་ལྟའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དེ་ཐོག་ནས་ཧྲང་ཧའེ་ཡི་ཁྲིམས་འཛིན་ལ་སྒྱུར་བཅོས་བྱེད་འགོ་ཚུགས་པ་མཚོན་ཞིང་།ད་ཐེངས་ཀྱི་སྒྱུར་བཅོས་ནང་ཁྲིམས་དཔོན་དང་།ཞིབ་དཔྱོད་དཔོན་གྱི་གྲངས་བཅད་ལམ་ལུགས།ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས།ཞིང་ཆེན་རིམ་པའི་གཅིག་གྱུར་དོ་དམ་སོགས་ནང་དོན་ཁག་5ཡོད་པ་དང་སྲིད་འཛིན་ཅན་མེད་པ་དང་།ས་གནས་ཅན་མེད་པ།ཁྲིམས་འཛིན་གཞུང་དྲང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཚད་བརྒལ་མང་པོ་བྱུང་ཡོད།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧན་ཀྲེང་གིས་ཧྲང་ཧའེ་ཡི་ཁྲིམས་འཛིན་སྒྱུར་བཅོས་ཚོད་ལྟ་དེ་ཕྱི་ཚུལ་རྫིག་རྫིག་ཙམ་དང་ཁེར་ཆགས་ཤིག་ཏུ་མི་ཆགས་པ་བྱས་ནས་ཕྱོགས་ཁག་གི་ལེ་ལག་ལམ་ལུགས་ཀྱི་ཇུས་འགོད་ཚོད་ལྟ་ཁག་གི་ཞིབ་ཕྲའི་སྐུལ་འདེད་གང་ཞིག་ཡིན་རུང་ཚང་མ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་ཀྲུང་དབྱང་གི་བླང་བྱ་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་ཧྲང་ཧའེ་ཡི་དོན་དངོས་དང་འཚམ་པ་བྱས་ཏེ“དཔྱད་གཞིར་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི”ལམ་ལུགས་ཤིག་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས་ཞེས་བཤད་པ་རེད།

སྒྱུར་བཅོས་ཇུས་གཞིའི་ནང་ཁྲིམས་འཛིན་མི་སྣའི་རིགས་དབྱེའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་རྐྱང་པའི་གོ་གནས་དོ་དམ་ལག་བསྟར་བྱས་ནས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་མི་གྲངས་གཏན་འཁེལ་བྱེད་པ་དང་ལོ་3ནས་ལོ་5བར་གྱི་དུས་ཚོད་སྤྱད་ནས་ཁྲིམས་འཛིན་ལས་ཁུངས་ཀྱི་རིགས་ཁག་གི་མི་སྣར་རིགས་དབྱེའི་དོ་དམ་བྱ་རྒྱུ་དང་འབྲེལ་དཔུང་ཁག་ཆེད་ལས་ཅན་དང་ལས་རིགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བཏོན་ཡོད།

ཇུས་གཞིའི་ནང་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་།འདྲི་གཅོད་གཙོ་བོའི་ཁྲིམས་དཔོན་དང་ཀྲུའུ་རེན་ཞིབ་དཔྱོད་དཔོན་གྱི་གྱོད་གཞི་སྒྲུབ་གཉེར་གྱི་འགན་འཁྲིའི་ལམ་ལུགས་ཁྱབ་གདལ་བཏང་ནས་གྱོད་གཞི་སྒྲུབ་གཉེར་ཁྲོད་ཀྱི་འདྲི་གཅོད་གཙོ་བོའི་ཁྲིམས་དཔོན་དང་ཀྲུའུ་རེན་ཞིབ་དཔྱོད་དཔོན་གྱི་གནས་བབ་མངོན་པ་བྱ་རྒྱུ་དང་།ཁྲིམས་འཛིན་ལས་ཁུངས་ཀྱི་གྱོད་གཞི་སྒྲུབ་གཉེར་རྩ་འཛུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གྱོད་གཞི་སྒྲུབ་གཉེར་རྩ་འཛུགས་ཀྱི་ཆེད་ལས་ཅན་དང་ལེབ་མོ་ཅན་མངོན་འགྱུར་བྱ་རྒྱུ།གྱོད་གཞི་སྒྲུབ་གཉེར་མི་སྣའི་དབང་ཆའི་རྩིས་ཁྲའི་ལམ་ལུགས་བཟོས་ནས་ཁྲིམས་འཛིན་དབང་ཆར་ཚོད་འཛིན་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་དབང་ཁ་གསལ་དང་།འགན་དབང་གཅིག་གྱུར།དོ་དམ་གོ་རིམ་ལྡན་པ་བཅས་ཀྱི་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ལམ་སྲོལ་དང་ལྟ་སྐུལ་ལམ་སྲོལ་ཆགས་པ་བྱ་རྒྱུ་བཏོན་ཡོད།

ཇུས་གཞིའི་ནང་ད་དུང་ཞིང་ཆེན་མན་གྱི་ཁྲིམས་ཁང་དང་།ཞིབ་དཔྱོད་ཁང་གི་ཁྲིམས་དཔོན།ཞིབ་དཔྱོད་ཁང་གི་ཞིང་ཆེན་རིམ་པའི་གཅིག་གྱུར་དོ་དམ་བཅས་ཀྱི་སྒྲིག་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་དང་།ཞིང་ཆེན་མན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགྲོ་གྲོན་ཞིང་ཆེན་རིམ་པས་གཅིག་གྱུར་ཐོག་དོ་དམ་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ།ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་དང་དེ་བཞིན་ཁྲིམས་འཛིན་ལས་རིགས་མི་སྣ་བཅས་ཀྱི་ལས་རིགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་བཅས་བཏོན་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག