ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚེས་13ཉིན་གྱི་སྔ་དྲོ་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཅིང་ནས་ཞལ་གྱེས་ཏེ་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་སའེ་ཕུའུ་དང་།ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ལི་སི་ཏི་ན།ཝེ་ནེ་ཙུའེ་ལ་པོ་ལིས་ཝར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཏུའུ་ལུའོ།ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཅིག་ལྕོགས་ལའོ་འར་བཅས་ཀྱི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་རྒྱུ་དང་།གོང་གསལ་གྱི་རྒྱལ་ཁབ་བཞི་པོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་པར་ཙིར་རུ་འཚམས་འདྲི་གནང་རིང་ཀྲུང་གོ-ལ་ཏིང་མེ་གླིང་དང་ཅ་ལ་པི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཐུག་འཕྲད་གནང་རྒྱུ་རེད།
ཀྲུའུ་ཞི་ཞིས་ཅིན་ཕིང་ལ་ཕེབས་རོགས་ཞུ་མཁན་གྱི་གྲས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲན་ཧྲུའུ།རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་ཡོད་པ་རེད། །