མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:24

李克强出席经济形势企业负责人座谈会.jpg

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་ཁེ་ལས་ཁ་ཤས་དང་ས་གནས་ཀྱི་རྒྱལ་གཉེར་ཁེ་ལས། དམངས་གཉེར་ཁེ་ལས་བཅས་ཀྱི་འགན་འཁུར་བའི་ལྟ་ཚུལ་དང་གྲོས་གཞི་ལ་ཉན།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཞུགས་མོལ་ཚོགས་འདུར་ཞུགས།

    ཚོགས་ཐོག་ཏུ་ཕྱི་ཕྱོགས་ཉོ་ཚོང་དང་བཟོ་སྐྲུན། དངུལ་ལོར། ཁྱིམ་བཀོལ་གློག་ཆས་སོགས་ལས་རིགས་མངའ་ཁོངས་ནས་ཡོང་བའི་ཁེ་ལས་ཀྱི་འགན་འཁུར་བས་དེང་སྐབས་དཔལ་འབྱོར་གནས་བབ་ཐད་ཀྱི་ལྟ་ཚུལ་དང་ཁེ་ལས་ཀྱི་མདུན་དུ་ལྷགས་པའི་གནད་དོན་སྐོར་གླེང་བ་དང་། ལིས་ཁི་ཆང་གིས་ནན་ཏན་སྒོས་ཉན་པར་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས།

    ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཉེན་ཁ་དང་འགྲན་རྩོད་གང་མང་གནས་ཡོད་པས་ངོས་ཟིན་ཇེ་མཐོར་གཏོང་བ་དང་ཁ་གཏད་འཇལ་བར་གྲ་སྒྲིག་བྱེད་དགོས། འཛམ་གླིང་གི་དཔལ་འབྱོར་གནས་བབ་རྙོག་འཛིང་ཆེ་བ་དང་འགྲན་རྩོད་ཉིན་རེར་ཇེ་དྲག་ཏུ་འགྲོ་བའི་རྣམ་པར་དམིགས་ཏེ། ཁེ་ལས་སོ་སོས་གོ་སྐབས་དམ་འཛིན་དང་སྤོབས་པ་ཆེན་པོས་གསར་གཏོད་དང་ཚོད་ལྟ་བྱེད་དགོས། ཁེ་ལས་སོ་སོས་བཅོས་སྒྱུར་གསར་སྐྲུན་གཙོར་བཟུང་སྟེ་ལག་རྩལ་གསར་བ་བཀོལ་སྤྱོད་བྱེད་པ་དང་ཐོན་ལས་གསར་བ་འཕེལ་རྒྱས་སུ་གཏོང་དགོས་ལ། ལས་རིགས་གསར་བ་གསོ་སྐྱོང་བྱེད་པ་དང་ཧུར་ཐག་སྒོས་སྲོལ་རྒྱུན་གྱི་འཕེལ་རྒྱས་རྣམ་པ་བསྒྱུར་ནས། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གྲུབ་ཚུལ་ལེགས་སྒྲིག་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ལ་བྱས་རྗེས་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག