མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་ཧེ་ཐན་ས་ཁུལ་དུ་ཁྱིམ་དུད་ཚང་མར་གློག་ཤར་གཏོང་ཐུབ་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-14 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། རང་བྱུང་ཆ་རྐྱེན་ཞན་པའི་ཤིན་ཅང་ཧེ་ཐན་ས་ཁུལ་དུ་ཁྱིམ་དུད་ཚང་མར་གློག་ཤར་གཏོང་ཐུབ་ཡོད་པ་རེད། རྒྱལ་ཁབ་གློག་གི་དྲ་བའི་ཤིན་ཅང་གློག་ཤུགས་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་འཆར་འགོད་པ་བཅུ་གཉིས་རིང་། ཤིན་ཅང་གློག་ཤུགས་ཀུང་སེས་སྔ་རྗེས་སུ་ཧེ་ཐན་དུ་གློག་གི་དྲ་བའི་རྣམ་གྲངས་168ལག་བསྟར་བྱས་ཡོད། མིག་སྔའི་བར་སླེབས་དུས་རྫོང་བརྒྱད་དང་། གློག་མེད་པའི་མི་འབོར་ཁྲི་4.16ཡི་གློག་བེད་སྤྱོད་གནད་དོན་ཐག་གཅོད་བྱས་ནས། གློག་གི་དྲ་བ་ཁྱབ་གདལ་ཁྱབ་ཁོངས་ཀྱི་ཁྱིམ་དུད་ཚང་མར་གློག་ཤར་གཏོང་ཐུབ་པ་བྱུང་བ་དང་། རིམ་བརྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་19.43བཏང་བ་དང་། ཆ་སྙོམས་ཁྱིམ་དུད་རེར་མ་འཇོག་བྱེད་ཚད་སྒོར་ཁྲི6.67ཟིན་པས། ཟླ་བ་18སྔ་སྣུར་དུ་ཧེ་ཐན་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་ཡོད། ཤིན་ཅང་གི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་འཆར་འགོད་ལ་གཞིགས་ན། སྤྱི་ལོ་2014ལོའི་ལོ་མཇུག་བར་སླེབས་དུས། ཤིན་ཅང་གིས་གློག་གི་དྲ་བ་ཁྱབ་ཁུལ་གྱི་ཁྱིམ་དུད་ཚང་མར་གློག་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག