ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་30ཙམ་གྱིས་སྤྱི་ཚེས་12ཉིན་པེ་ཅིང་གི་དངོས་གཞིའི་ཚན་ཁག་གི་ཁག་དང་པོའི་སློབ་མ་བསྡུ་བའི་སྐར་གྲངས་ཚད་གཞི་ཡོངས་བསྒྲགས་བྱས་ཡོད་པ་རེད། ཆིང་ཧྭ་སློབ་ཆེན་གྱི་སློབ་མ་བསྡུ་མཁན་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཆིང་ཧྭ་སློབ་ཆེན་གྱིས་པེ་ཅིང་དུ་སློབ་མའི་ཡིག་ཚགས་བལྟ་བའི་སྐར་མའི་ཚད་གཞི་ནི་རིག་གནས་ཚན་ཁག་གི་སྐར་གྲངས་670དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐར་གྲངས་682ཡིན་པ་ཁག་སོ་སོར་དངོས་གཞིའི་ཚན་ཁག་གི་རིམ་པ་དང་པོའི་སྐར་གྲངས་ཚད་གཞི་ལས་སྐར་མ་105དང་སྐར་མ་139ཡིས་མཐོ་བ་ཡོད་པ་དང་། རྒྱུགས་ལེན་སློབ་མའི་ཡིག་ཚགས་བལྟ་བའི་བསྡུར་ཚད་གཅིག་བསྡུར་གཅིག་ཡིན། པེ་ཅིང་སློབ་ཆེན་གྱིས་པེ་ཅིང་དུ་སློབ་མའི་ཡིག་ཚགས་བལྟ་བའི་སྐར་མའི་ཚད་གཞི་ནི་རིག་གནས་ཚན་ཁག་གི་སྐར་གྲངས་663དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐར་གྲངས་683ཟིན་ཞིང་། དངོས་གཞིའི་ཚན་ཁག་གི་རིམ་པ་དང་པོའི་སྐར་མའི་ཚད་གཞི་ལས་ཁག་སོ་སོར་སྐར་མ་98དང་སྐར་མ་140ཡིས་མཐོ་བ་ཡོད་པ་མ་ཟད་པེ་ཅིང་གྲོང་ཁྱེར་གྱི་རིག་གནས་ཚན་ཁག་དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཚན་ཁག་གི་མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་ཨང་དང་པོ་བཏང་མཁན་ཡང་ཚུད་ཡོད་པ་རེད།
པེ་ཅིང་དགེ་འོས་སློབ་ཆེན་དང་། པེ་ཅིང་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་ནགས་ལས་སློབ་ཆེན། པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། པེ་ཅིང་ཚན་རྩལ་སློབ་ཆེན། ཀྲུང་གོའི་ཞིང་ལས་སློབ་ཆེན་བཅས་སློབ་གྲྭ་འདི་དག་གིས་འདི་ལོ་སློབ་མ་བསྡུ་བའི་མི་གྲངས་མང་དུ་བཏང་ཡོད་པ་ཁག་སོ་སོར་རྒྱུགས་ལེན་སློབ་མའི་ཡིག་ཚགས་བལྟ་ཚད་བརྒྱ་ཆ་105དང་བརྒྱ་ཆ་102བརྒྱ་ཆ་103བརྒྱ་ཆ་120བརྒྱ་ཆ་105བརྒྱ་ཆ་103བཅས་ཟིན་ཡོད་པ་རེད། །