མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དྲུག་པས་ཞིན་ཅང་ཐོན་སྐྱེད་དཔུང་ཚོགས་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཁག་གི་བཀོད་སྒྲིག་ལྟར། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དྲུག་པས་ཞིན་ཅང་ཐོན་སྐྱེད་དཔུང་ཚོགས་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དྲུག་པའི་ཚན་གཙོ་ཀྲང་ཅི་ཡོ་དང་ཚན་གཙོ་གཞོན་པ་ཀྲའོ་བུན་པོ་དང་སང་ཀྲུའུ་མེ་བཅས་ཀྱིས་དཔུང་ཚོགས་ཏང་ཨུའི་ཧྲུའུ་ཅི། སྲིད་ཁྲིམས་ཨུ་ཡོན་ཀྲི་ཅོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐོར་ཞིབ་བྱ་བའི་ཐད་ལ་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཀྲང་ཅི་ཡོ་ཡིས་སྐོར་ཞིབ་ཚན་ཁག་གི་ཚབ་བྱས་ཏེ་དཔུང་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཀྲི་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་བར་ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དྲུག་པས་ཞིན་ཅང་ཐོན་སྐྱེད་དཔུང་ཚོགས་ལ་སྐོར་ཞིབ་བྱས། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐོར་ཞིབ་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་བྱ་བའི་དཀྱིལ་སྙིང་ལ་བཟུང་སྟེ་མང་ཚོགས་ཀྱིས་བསྐུར་བའི་ཡི་གེ་དང་བཅར་འདྲི་དང་ལེན་བྱས་པ་དང་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ནས་སྐོར་ཞིབ་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པར་མ་ཟད་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས།

ཀྲང་ཅི་ཡོ་ཡིས་བཤད་རྒྱུར། ཞིན་ཅང་ཐོན་སྐྱེད་དཔུང་ཚོགས་ཏང་ཨུ་ཡིས་ཀྲུང་དབྱང་གི་རེ་བ་ལྟར། ཕྱིར་ལྡོག་བསམ་འཆར་ལ་ནན་ཏན་སྒོས་ཞིབ་འཇུག་བྱས་ནས་དག་ཐེར་དང་ལེགས་སྒྱུར་བྱ་བ་དམ་འཛིན་བྱས། འགན་འཁུར་བ་གཙོ་བོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་བ་དང་པོའི་འགན་འཁྲི་དང་ལེན་བྱེད་དགོས་པ་དང་གནས་ཚུལ་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་དགོས་ལ། མགོ་ཁྲིད་ཚན་ཁག་ལ་དོ་དམ་ནན་མོ་བྱས་ནས་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱེད་དགོས། དཔུང་ཚོགས་ཏང་ཨུ་ཡིས་སྐོར་ཞིབ་བྱ་བའི་དག་ཐེར་དང་ལེགས་སྒྱུར་དངོས་འབེབས་གནས་ཚུལ་དེ་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་རྟོག་དང་ལེན་བྱེད་དགོས། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཁག་གིས་དུས་འོས་འཚམ་ཞིག་ལ་ལྟ་རྟོག་དང་ཞིབ་བཤེར་བྱ་བ་བསྒྲུབ་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག