མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞི་ལའི་ཙུང་ཐུང་ཕ་ཕུའུ་ལིས་ཡ་སི་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:46

习近平会见希腊总统帕普利亚斯.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གསུམ་ཉིན་ཞི་ལའི་ལོ་ཏི་གླིང་ཕྲན་ནས་ཞི་ལའི་ཙུང་ཐུང་ཕ་ཕུའུ་ལིས་ཡ་སི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གསུམ་ཉིན་ཞི་ལའི་ལོ་ཏི་གླིང་ཕྲན་ནས་ཞི་ལའི་ཙུང་ཐུང་ཕ་ཕུའུ་ལིས་ཡ་སི་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བརྩེ་བའི་གླེང་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་།

    མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཞི་ལ་ནི་གནའ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་ཐད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་ཐུན་མོང་མ་ཡིན་པའི་དཔལ་ཡོན་གསར་སྐྲུན་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱས་ཤིང་། ཀྲུང་གོ་དང་ཞི་ལའི་འབྲེལ་བའི་རྨང་གཞི་བརྟན་པ་དང་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཞི་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཞི་ལ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ནས། གནའ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་དཔལ་ཡོན་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་པར་མ་ཟད། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་། ཀྲུང་གོ་སྲིད་གཞུང་གིས་ནུས་པ་ལྡན་པའི་ཀྲུང་གོའི་ཁེ་ལས་ཞི་ལར་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་སྐུལ་མ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཞི་ལ་བར་གྱི་ལུས་རྩལ་བརྗེ་རེས་ལ་ཤུགས་སྣོན་པ་དང་ཨོ་ལིན་ཕེ་ཁིའི་སྙིང་སྟོབས་མཉམ་དུ་དར་སྤེལ་བྱེད་འདོད་ཡོད་ཟེར།

    ཕ་ཕུའུ་ལིས་ཡ་སི་ཡིས་བཤད་རྒྱུར། ཞི་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ནུབ་ཕྱོགས་དཔལ་ཡོན་དང་ཤར་ཕྱོགས་དཔལ་ཡོན་གཉིས་ཀྱི་འཐུས་ཚབ་ཡིན་པས། མི་གཞུང་མཉམ་ལས་དང་དམངས་ཁྲོད་བརྗེ་རེས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་སྔར་ལས་ཤུགས་སྣོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག