མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞི་ལའི་ཙུང་ལི་ས་མ་ལ་སིར་མཇལ་འཕྲད་གནང་།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:46

习近平会见希腊总理萨马拉斯.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཞི་ལའི་ལའོ་ཏི་གླིང་ཕྲན་ནས་ཞི་ལའི་ཙུང་ལི་ས་མ་ལ་སིར་མཇལ་འཕྲད་གནང་།

习近平会见希腊总理萨马拉斯 1.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཞི་ལའི་ལའོ་ཏི་གླིང་ཕྲན་ནས་ཞི་ལའི་ཙུང་ལི་ས་མ་ལ་སིར་མཇལ་འཕྲད་གནང་།

习近平会见希腊总理萨马拉斯 2.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཞི་ལའི་ལའོ་ཏི་གླིང་ཕྲན་ནས་ཞི་ལའི་ཙུང་ལི་ས་མ་ལ་སིར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གསུམ་ཉིན་ཞི་ལའི་ལའོ་ཏི་གླིང་ཕྲན་ནས་ཞི་ལའི་ཙུང་ལི་ས་མ་ལ་སིར་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཞི་ལ་ནི་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་བློ་གཏད་ཆོག་པའི་མཛའ་མཐུན་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པར་མ་ཟད། ཞི་ལ་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། མཉམ་དུ་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོས་ཡོ་རོབ་གླིང་གཞི་གཅིག་ཅན་དུ་བསྒྱུར་བར་བློ་བརྟན་འགྱུར་མེད་སྒོས་རོགས་སྐྱོར་བྱས་ནས། ཡོ་རོབ་གླིང་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས། བཅོས་བསྒྱུར། དཔལ་ཡོན་བཅས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་འདོད་ཡོད། ཞི་ལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པས། ཞི་ལ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་ནུས་པ་བཟང་བོ་འདོན་སྤེལ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

    ས་མ་ལ་སི་ཡིས་བཤད་རྒྱུར། ཞི་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཞི་ལས་བདག་དབང་དངུལ་བུན་གྱི་ཉེན་ཁ་སེལ་བར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། དེ་ལས་རྒྱལ་ཁབ་གཉིས་བར་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན། ཞི་ལ་ཕྱོགས་ཀྱིས་ས་དཀྱིལ་མཚོའི་འགྲམ་རྒྱུད་རྒྱལ་ཁབ་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་འདོད་ཡོད། ཞི་ལ་དང་ཀྲུང་གོ་གཉིས་དཔལ་ཡོན་ལྡན་པའི་གནའ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་སྟེང་དྲང་བདེན་དང་དྲང་གཞག མཛའ་མཐུན་དང་འཆམ་མཐུན་བཅས་དར་སྤེལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འཛམ་གླིང་རང་བཞིན་གྱི་གནད་དོན་དང་འགྲན་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག