མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷོ་ཆུ་བྱང་འདྲེན་གྱི་དབུས་ལམ་གྱི་ཆུ་འགོའི་ཆུ་སྤུས་སྲུང་སྐྱོབ་ཐད་གྲོས་འགོ་བཏོན་པ།ཡུས་ཀྲེང་ཧྲེང་གིས་གཙོ་སྐྱོང་གནང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-13 11:36

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་གཟའ་འཁོར་གཉིས་རེའི་གྲོས་མོལ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ལམ་གྱི་ཆུ་འགོའི་ཆུ་སྤུས་སྲུང་སྐྱོབ་གནད་དོན་ཐད་བཞུགས་མོལ་དང་སྤེལ་རེས་བྱས་པ་རེད།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཅི་ཞའོ་དང་།ཀྲུའུ་ཡུང་ཤིན།ཝང་ཀོང་ཆན།ཧུའུ་སི་དབྱི།དབྱང་ཀྲུང་ཆི།མཱ་ཀྲུང་ཕིང་།སུན་ཏན་ཕིང་།ཅང་ཙེ་ཧུའེ།ཡེ་ཏུང་སུང་།ཀྲང་ཐའོ་ལིན།ལི་ཡོན་ཡོན།ཀྲང་ཀྲེན་ཡུས།དབྱིན་ཧུང་།ལི་ཞའོ་ཏུང་།ལིའུ་པིང་ཅང་།ལི་ཁྲང་ཨན་བཅས་དང་དེ་བཞིན་ཝང་ཧའོ་དང་།ཁྲེན་ཐེན་ཧུའེ།མཱ་རུང་ཚའེ་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།

    ཨུ་ཡོན་ཚོས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ལམ་ལས་གྲྭ་ནི་ཀྲུང་དབྱང་གིས་ཧྭ་པེ་ས་ཁུལ་དང་ལྷག་པར་དུ་རྒྱལ་སའི་ཆུ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞིང་།འདི་ལོའི་འབྲུབ་དུས་རྗེས་དབུས་ལམ་ལས་གྲྭ་དེར་དངོས་སུ་ཆུ་འཁྲིད་རྒྱུ་ཡིན་པ་རེད།ཆུ་འགོའི་ཆུ་སྤུས་སྲུང་སྐྱོབ་ཡག་པོ་བྱས་ནས“དྭངས་གཙང་འཐུང་ཆུ་རྒྱུན་མཐུད་ངང་བྱང་འདྲེན”ཐུབ་པའི་འགན་ལེན་བྱ་ཆེད་ཧུའུ་པེ་དང་།ཧོ་ནན།ཧྲའན་ཤིས་བཅས་ཀྱིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།ད་ཆ་ཆུ་འགོ་ཡིན་པའི་ཏན་ཅང་ཁོའུ་ཆུ་མཛོད་ཀྱི་ཆུ་སྤུས་སྤྱིར་ན་ཡག་པོ་ཡོད་པས་ཆུ་འཁྲིད་པའི་ཆུ་སྤུས་ཀྱི་རེ་བ་དང་སྤྱིར་འཚམ་ཡོད།ཆུ་འགོའི་ཆུ་སྤུས་སྲུང་སྐྱོབ་ཐད་འཕྲད་པའི་གནད་དོན་ཁ་ཤས་མུ་མཐུད་ཐག་གཅོད་ཧུར་ཐག་བྱ་རྒྱུའི་ངོས་འཛིན་བྱས་པ་རེད།

    ཨུ་ཡོན་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་བའི་ཆུ་མཛོད་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས་དང་ས་ཆུ་སྲུང་འཛིན་སྐོར་གྱི་འབྲེལ་ཡོད་འཆར་འགོད་སྔར་བས་དོན་འཁྱོལ་བྱས་ནས་ཆུ་འགོ་སྲུང་སྐྱོབ་དང་ཆུ་མཛོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།ལྷོ་ཆུ་བྱང་འདྲེན་གྱི་དབུས་ལམ་ལས་གྲྭའི་ཁོར་ཡུག་གི་ཤུགས་རྐྱེན་དང་ལེ་ལག་ཚང་བའི་ལས་གྲྭར་དཔྱད་དཔོག་བྱས་ནས་རྗེས་མཐུད་རྣམ་གྲངས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད》ནང་བཅུག་ནས་མ་དངུལ་དང་།བླང་བྱ།འགན་འཁྲི།ཞིབ་བཤེར་ཐག་གཅོད།དོ་དམ་བཅས་དོན་འཁྱོལ་བྱེད་དགོས།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཆུ་མཛོད་ཁུལ་དང་དེ་བཞིན་ཆུ་སྟོད་ཀྱི་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་དགོས།

    སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་ཚོད་འཛིན་བྱས་ནས་ཞིང་ལས་ལས་བྱུང་བའི་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱེད་པ་དང་སྣོད་བཅུད་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁ་གཏད་མཉམ་ལས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།བཞུགས་མོལ་ཚོགས་འདུའི་ཐོག་ཨུ་ཡོན་ཚོ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐད་ཀར་ཐབས་ཇུས་བཏོན་པ་དང་ཡུས་ཀྲེང་ཧྲེང་གིས་བར་དུ་བཀའ་འདྲི་ཡང་ཡང་གནང་ནས་གཏམ་བཤད་སྤེལ་མཁན་དང་སྤེལ་རེས་དང་གྲོས་བསྡུར་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱིས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ལམ་གྱི་ཆུ་འགོའི་ཆུ་སྤུས་སྲུང་སྐྱོབ་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་ཞིང་།ན་ནིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་མངགས་རྒྱུན་ཨུའི་གཟིགས་ཞིབ་ཚོགས་པ་གདན་ཞུ་བྱས་ནས་ཏན་ཅང་ཁོའུ་ཆུ་འགོར་གཟིགས་ཞིབ་གནང་ཡོད།དམངས་གཙོ་ཡར་སྐུལ་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་བརྟག་ཞིབ་ཐེངས་མང་བྱས་ནས་ཆུ་འགོའི་ཆུ་སྤུས་སྲུང་སྐྱོབ་ཐད་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག