མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་རྒྱལ་ཡོངས་སུ་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་530ལས་འགོ་བཙུགས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-13 11:36

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བ་དྲུག་པའི་ཟླ་མཇུག་བར་འདི་ལོའི་རྒྱལ་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཁྲི་530ལས་འགོ་བཙུགས་པའི་ནང་ནས་སྡོད་ཁང་ཁྲི་280གཞི་རྩའི་ཆ་ནས་སྐྲུན་ཟིན་པ་དེ་ལོ་འཁོར་དམིགས་ཚད་ལས་འགན་གྱི་76%དང་58%སོ་སོར་ཟིན་ཁར་མ་དངུལ་སྒོར་དུང་ཕྱུར་7200བཏང་ཡོད་པ་རེད།

    སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་མིག་སྔར་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཚུད་པའི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་ཡོད།གོམ་སྟབས་རྗེས་མར་གཙོ་གནད་ཐོག་སྐུལ་འདེད་གཏོང་བའི་ལས་དོན་ནི།སྡོད་ཁང་འགན་ལེན་གྱི་མཐོ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང《གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་སྲོལ་ཡིག》བཏོན་ནས་སྡོད་ཁང་འགན་ལེན་གྱི་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་།སྐྲུན་ཐུབ་རྒྱུར་དམ་འཛིན་དང་ཞག་སྡོད་ཐུབ་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་འཛུགས་སྐྲུན་ལས་འགན་ཁག་ལེགས་སྒྲུབ་བྱེད་པ།སྡོད་ཁང་སྐྱོ་ཁུལ་སྣ་ཚོགས་སྒྱུར་བཀོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ས་ཆ་བསྡུ་ལེན་གྱི་ཁ་གསབ་དང་།བཀོད་སྒྲིགམ་དངུལ་གྲབས་གསོགསྤུས་ཚད་ལྟ་སྐུལ་དོ་དམ།འདྲ་མཉམ་བགོ་འགྲེམས་སོགས་ཀྱི་ལས་དོན་ཁག་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་སྒྲུབ་པ།འགན་ལེན་རང་བཞིན་སྡོད་ཁང་གི་རྗེས་མཐུད་དོ་དམ་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་།ཆོག་འཐུས་དང་།བེད་སྤྱོད།ཕྱིར་སློག་སོགས་ཐད་ཚད་ལྡན་གྱི་ལམ་སྲོལ་བཙུགས་ཏེ་སྡོད་ཁང་འགན་ལེན་གྱི་སྤྱི་པའི་ཐོན་ཁུངས་འདྲ་མཉམ་ངང་བེད་སྤྱོད་ཡག་པོ་ཐུབ་པ་བཅས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    2014ལོར་རྒྱལ་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཁྲི་700(སྡོད་ཁང་སྐྱོ་ཁུལ་སྣ་ཚོགས་ཁྲི་470ཡན)ཡན་གསར་དུ་ལས་འགོ་འཛུགས་རྒྱུ་དང་སྡོད་ཁང་ཁྲི་480གཞི་རྩའི་ཆ་ནས་བསྐྲུན་རྩིས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག