རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཉེ་ཆར་བརྡ་ཐོ་བཏང་ནས་ནད་ཡམས་འཕྲལ་སྡོམ་སྐྱོབ་རོགས་ལམ་ལུགས་གང་མྱུར་ལག་ལེན་བསྟར་དགོས་ཤིང་།ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་2014ལོའི་ཟླ་དགུ་པའི་ཟླ་མཇུག་གོང་ནད་ཡམས་འཕྲལ་སྡོམ་སྐྱོབ་རོགས་ཐེབས་རྩ་བཙུགས་ཏེ་ཐེབས་རྩའི་གཉེར་སྒྲུབ་དོ་དམ་སྒྲིག་གཞི་ཁ་གསལ་བཟོ་བ་དང་ཆབས་ཅིགཞིབ་ཕྲའི་བྱ་ཐབས་དང་ལག་བསྟར་ཞིབ་སྲོལ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད།
དོས་དྲག་དང་།ལྕི་པོ།ཉེན་ཡོད་བཅས་ཀྱི་ན་ཚ་མྱུར་སྐྱོབ་བྱེད་དགོས་ཀྱང་གནས་ཚུལ་གསལ་པོ་མི་རྟོགས་པའམ་ཡང་ན་འབྲེལ་ཡོད་འགྲོ་གྲོན་གཏོང་སྤྲོད་བྱེད་ནུས་མེད་པའི་ནད་པའི་སྨན་བཅོས་མྱུར་སྐྱོབ་གནད་དོན་ཐག་གཅོད་བྱ་ཆེད།2013ལོའི་ཟླ་བ་གཉིས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ནད་ཡམས་འཕྲལ་སྡོམ་སྐྱོབ་རོགས་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ནས་ནད་ཡམས་འཕྲལ་སྡོམ་སྐྱོབ་རོགས་ལམ་ལུགས་འཛུགས་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ས་གནས་ཁག་གིས་སྐྱོབ་རོགས་ཐེབས་རྩ་རེ་ཞུ་དང་།ཞིབ་བཤེར།གཏོང་སྤྲོད་སོགས་ཀྱི་ཞིབ་ཕྲའི་རྒྱུད་རིམ་བཟོས་ནས་སྲིད་ཇུས་བཀོལ་སྤྱོད་དང་དོན་འཁྱོལ་ཐུབ་པ་བྱས་ཏེ་ཐེབས་རྩ་བེད་སྤྱོད་ནུས་ལྡན་དང་ལུགས་མཐུན་གཏོང་སྤྲོད་བྱ་རྒྱུའི་འགན་ལེན་བྱེད་པ་དང་ནད་ཡམས་འཕྲལ་སྡོམ་སྐྱོབ་རོགས་ཐེབས་རྩའི་ནུས་པ་གང་མགྱོགས་འདོན་དགོས།ཞིང་ཆེན་རིམ་པའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྲིད་འཛིན་སྡེ་ཚན་ཁག་གིས་རང་འགུལ་ངང་སྲིད་གཞུང་ལ་སྙན་སེང་ཞུ་བ་དང་ནོར་སྲིད་དང་།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་།དམངས་སྲིད།སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ནད་ཡམས་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འབྲེལ།འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྲིད་འཛིན་སྡེ་ཚན་དུ་གཞུང་ལས་ཁང་བཙུགས་ཏེ་རྒྱུན་གཏན་གྱི་མཐུན་སྦྱོར་ལས་ཀའི་འགན་འཁུར་དགོས།
ཛ་དྲག་མྱུར་སྐྱོབ་བྱེད་དགོས་ཀྱང་ནད་པའི་གནས་ཚུལ་གསལ་པོ་རྟོགས་ཐབས་བྲལ་བའམ་ཡང་ན་གནས་ཚུལ་གསལ་པོ་རྟོགས་ཀྱང་འགྲོ་གྲོན་སྤྲོད་ནུས་མེད་པའི་ནད་པར་སྨན་བཅོས་སྒྲིག་གཞི་ཁག་གིས《ཛ་དྲག་མྱུར་སྐྱོབ་བྱེད་དགོས་པའི་དོས་དྲག་དང་།ཉེན་ཡོད།ལྕི་བ་བཅས་ཀྱི་ན་ཚའི་ཚད་གཞི་དང་དེ་བཞིན་སྨན་བཅོས་ཚད་ལྡན》གཞིར་བཟུང་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་དགོས་པ་ལས་གང་བྱུང་དུ་ཁ་གཡར་ནས་དང་ལེན་མི་བྱེད་པ་དང་།རང་འགན་གཞན་དཀྲི་བྱེད་པ།སྐྱོབ་བཅོས་ཀྱི་དུས་ཚོད་ནར་འགྱངས་བཅས་བྱེད་མི་ཆོགགཏན་འབེབས་ལས་འགལ་མཁན་སྨན་བཅོས་སྒྲིག་གཞིར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྲིད་འཛིན་སྡེ་ཚན་གྱིས་བཅའ་ཁྲིམས་དང་གཏན་འབེབས་གཞིར་བཟུང་སྨན་བཅོས་སྒྲིག་གཞི་དང་།དེ་བཞིན་དེའི་འགན་ཁུར་བ་གཙོ་བོའི་འགན་འཁྲི་བདའ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།