མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཐེན་ཅིན་དུ་མྱུར་སྐྱེལ་དྲ་བ་ཤང་དང་གྲོང་རྡལ་ཡོངས་ལ་ཁྱབ་རྒྱུ་སྔོན་དུ་མངོན་འགྱུར་བྱུང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-13 11:36

    ཐེན་ཅིན་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་ཟླ་བ་དང་པོར“མྱུར་སྐྱེལ་གྲོང་གསེབ་ཏུ་ཁྱབ་པའི”འདུ་འགོད་ལག་ལེན་བསྟར་བ་ནས་བཟུང་།གྲོང་ཚོའི་སྦྲག་སྲིད་ས་ཚིགས་ལ་ཞོར་འདྲེན་མྱུར་སྐྱེལ་ཞབས་ཞུའི་ཚོད་ལྟ་བྱེད་པ་དང་སྦྲག་སྲིད་ལས་སྒོའི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་སྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཐེན་ཅིན་གྱིས་མྱུར་སྐྱེལ་ཁེ་ལས“གྲོང་གསེབ་དང་གྲོང་ཚོར་ཁྱབ་པའི”དྲ་ཚིགས་ནང་འདྲེན་ཧུར་ཐག་བྱེད་ཀྱི་ཡོད་པ་རེད།མིག་སྔར་ཐེན་ཅིན་གྲོང་ཁྱེར་གྱི་སྦྲག་སྲིད་EMSདང་།ཧྲོན་ཧྥུང་།ཝུའེ་ཐེ་ཕེ།གྲོང་དབར་བཅས་མྱུར་སྐྱེལ་ཁེ་ལས་བཞིས་ཤང་དང་གྲོང་རྡལ་127ལ་མྱུར་སྐྱེལ་ལས་སྒོ་གཉེར་ནས་རྒྱལ་ཡོངས་སུ་སྔོན་ལ་མྱུར་སྐྱེལ་དྲ་བ་ཤང་དང་གྲོང་རྡལ་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་བ་དང་།མྱུར་སྐྱེལ་ལས་སྒོའི“མཐའ་མའི་སྤྱི་ལེ་གཅིག”གི་མྱུར་སྐྱེལ་དཀའ་གནད་བསལ་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག