མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:51

俞正声主持全国政协双周协商座谈会并讲话.jpg

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་ཆུའི་འབྱུང་ཡུལ་གྱི་ས་གཤིས་སྲུང་སྐྱོབ་གནད་དོན་ཐད་ནས་བཞུགས་མོལ་དང་བརྗེ་རེས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཅི་ཡའོ་དང་ཀྲུའུ་ཡུང་ཞིན། ཝང་ཀོང་ཆན་སོགས་ཆེད་མཁས་པ་དང་ཤེས་ཡོན་ཅན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་པ་དང་ཡུས་ཀྲིན་ཧྲིན་གྱིས་ཚང་མའི་གཏམ་བཤད་ལ་ཉན་པར་མ་ཟད་ཨུ་ཡོན་རྣམས་དང་མཉམ་དུ་གྲོས་བསྡུར་དང་གྲོས་མོལ་མཛད།

    རྒྱལ་ཡོངས་སྲིད་གྲོས་ཀྱིས་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་ཆུའི་འབྱུང་ཡུལ་གྱི་ས་གཤིས་སྲུང་སྐྱོབ་གནད་དོན་ལ་ཧ་ཅང་སེམས་ཁུར་བྱེད་བཞིན་ཡོད། ན་ནིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱུན་ཨུའི་རྟོག་ཞིབ་ཚོགས་པ་ཆེད་དུ་གདན་དྲངས་ཏེ་ཏན་ཅང་གཙང་བོའི་ཆུའི་འབྱུང་ཡུལ་ལ་རྟོག་ཞིབ་བྱས་པ་དང་། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐེངས་མང་པོར་རྟོག་ཞིབ་བྱས་ཏེ། ཆུའི་འབྱུང་ཡུལ་གྱི་ས་གཤིས་སྲུང་སྐྱོབ་ཐད་ལ་རིན་ཐང་ཡོད་པའི་བསམ་འཆར་དང་གྲོས་གཞི་བཏོན།

    རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཨི་ཅིན་ཕེན་གྱིས་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་ཆུའི་འབྱུང་ཡུལ་གྱི་ས་གཤིས་སྲུང་སྐྱོབ་འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཁོར་ཡུག་སྲུང་སྐྱོབ་པུའུ། ཆུ་བེད་པུའུ་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ནས་ཨུ་ཡོན་རྣམས་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག