མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཛམ་གླིང་ཤེས་བྱའི་ཐོན་དངོས་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲིར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:51

李克强会见世界知识产权组织总干事高锐.jpg

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧའེ་ཙི་ཀོང་ཀི་ནས་འཛམ་གླིང་ཤེས་བྱའི་ཐོན་དངོས་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཀའོ་རོས་ལ་མཇལ་འཕྲད་གནང་།

李克强会见世界知识产权组织总干事高锐1.jpg

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧའེ་ཙི་ཀོང་ཀི་ནས་འཛམ་གླིང་ཤེས་བྱའི་ཐོན་དངོས་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཀའོ་རོས་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་པེ་ཅིན་ཀྲུང་ནན་ཧའེ་ཙི་ཀོང་ཀི་ནས་འཛམ་གླིང་ཤེས་བྱའི་ཐོན་དངོས་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཀའོ་རོས་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་གསུངས་རྒྱུར། ཤེས་བྱའི་ཐོན་དངོས་བདག་དབང་ནི་མིའི་རིགས་ཀྱིས་གསར་གཏོད་དང་གསར་སྐྲུན་གྱི་གྲུབ་འབྲས་ཀྱི་རང་རྟོགས་ཀྱི་ངོས་འཛིན་མཐོར་འདེགས་སུ་བཏང་བ་དེ་ཡིན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་ཚོགས་ཁག་གཙོ་བོ་སོ་སོའི་གསར་བསྐྲུན་གྱི་གྲུབ་འབྲས་ལ་ལྟ་ཚུལ་གཅིག་འདྲ་འཛིན་པ་དང་འདྲ་མཉམ་སྒོས་སྲུང་སྐྱོབ་བྱས་པར་མ་ཟད། སྲིད་འཛིན་དང་ཁྲིམས་འཛིན་གྱི་སྲུང་སྐྱོབ་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། འདྲ་མཉམ་དང་དྲང་བདེན། ཚད་ལྡན་དང་མངོན་གསལ་བཅས་ཀྱི་ཁྲིམས་ལུགས་དང་ཚོང་རའི་ཁོར་ཡུག་ཧུར་ཐག་སྒོས་བསྐྲུན་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཤེས་བྱའི་ཐོན་དངོས་བདག་དབང་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱིའི་ཤེས་བྱའི་ཐོན་དངོས་བདག་དབང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་ནས། གསར་སྐྲུན་དང་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་རྒྱལ་ཁབ་སོ་སོའི་མི་དམངས་ལ་ལོངས་སྤྱོད་བྱེད་དུ་འཇུག་འདོད་ཡོད་ཟེར།

    ཀའོ་རོས་ཀྱིས་ཀྲུང་གོས་འཛམ་གླིང་ཤེས་བྱའི་ཐོན་དངོས་བདག་དབང་རྩ་འཛུགས་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར་འཛམ་གླིང་ཤེས་བྱའི་ཐོན་དངོས་བདག་དབང་རྩ་འཛུགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོས་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འཁེལ་བྱེད་པའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་སྔར་ལས་ཆེན་པོ་འདོན་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག