མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་མཛད་སྒོ་བསྡུས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:50

中央军委举行晋升上将军衔仪式.jpg

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་དམག་དཔོན་ལ་བཀའ་ཁྱབ་དཔང་ཡིག་གནང་། པར་འདི་ནི་མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕེན་སོགས་མགོ་ཁྲིད་བློ་མཐུན་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་དམག་དཔོན་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཅིག་ཉིན་པེ་ཅིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་དམག་དཔོན་རྣམས་ལ་བཀའ་ཁྱབ་དཔང་ཡིག་གནང་།

    ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ། ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་མཛད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་སྤེལ་མགོ་བརྩམས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མིང་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་བཀའ་ཁྱབ་དཔང་ཡིག་ཁྱབ་བསྒྲགས་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་མཛད་སྒོར་མགོ་འཛིན་བྱས།

    ཐེངས་འདིར་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་དམག་དཔོན་བཞི་ནི། སྤྱི་ཁྱབ་ཚན་མུའུ་ཀྲང་གཞོན་པ་ཆི་ཅན་གོ་དང་། ཧྲིན་ཡང་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཝང་ཅའོ་ཁྲིན། ཆབ་སྲིད་ཨུ་ཡོན་ཁྲུའུ་དབྱི་མེན། ཀོང་ཀྲིག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་བེས་ལིང་བཅས་རེད།

    ཞི་ཅིན་ཕེན་གྱིས་ཁོ་ཚོར་བཀའ་ཁྱབ་དཔང་ཡིག་གནང་བར་མ་ཟད། ཁོ་ཚོ་དང་སྙིང་ཉེ་བའི་ངང་ཕྱག་འཇུ་གནང་སྟེ་རྟེན་འབྲེལ་ཞུས།

    ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་མཛད་སྒོ་དེ་གདངས་དབྱངས་མཐོ་བའི་དམག་གླུའི་ཁྲོད་མཇུག་རྫོགས་རྗེས། ཞི་ཅིན་ཕེན་སོགས་མགོ་ཁྲིད་བློ་མཐུན་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སུ་འཕར་བའི་དམག་དཔོན་དང་མཉམ་དུ་པར་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག