མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཧྥ་རན་སིས་ཐུན་མོང་ཐོག་མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཆེད་མ་དངུལ་གྲབས་གསོག་བྱས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-11 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧྥ་རན་སིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲུང་གོ་དང་ཧྥ་རན་སིའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་སྤེལ་རེས་འགྲེམ་སྟོན་དང་བྱིས་པའི་དཔེ་དེབ་སྤྱི་ཕན་འོས་འཚོང་བྱེད་སྒོ་སྤྱི་ལོ་2014ལོའི་ཟླ་7པའི་ཚེས་9ཉིན་པེ་ཅིན་པང་ཉི་བྱིས་པའི་མཛེས་རྩལ་ཁང་དུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དུས་ཡུན་ཆུ་ཚོད་གཅིག་གཡས་གཡོན་གྱི་འོས་འཚོང་བྱེད་སྒོའི་ཐོག་གཞོན་ནུ་ལོ་ཆུང་གི་བརྩམ་བྱ་བཅུ་གཉིས་བཙོངས་པ་དང་། དེའི་རིན་པ་སྒོར་8880ནང་སོག་གི་དབུལ་ཕོངས་ས་ཁུལ་གྱི་བྱིས་པ་ཚོར་རི་མོ་འབྲི་བ་སོགས་སྒྱུ་རྩལ་སློབ་སྦྱོང་བྱེད་པའི་འགྲོ་གྲོན་ལ་གཏོང་རྒྱུ་ཡིན་པ་རེད།

འཇའ་ཚོན་ལམ་མི་རིགས་གཞོན་ནུ་ལོ་ཆུང་སྒྱུ་རྩལ་སློབ་གསོའི་ཐེབས་རྩ་ཞེས་པ་ནི་སྤྱི་ལོ་2013ལོར་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཤང་ཀང་དང་། ཨོ་མོན། ཐེ་དབན་གཞུང་ལས་ཁང་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མི་རིགས་ལེ་ཚན་ལྟེ་གནས། ཀྲུང་གོའི་གཞོན་ནུ་ལོ་ཆུང་གོང་འཕེལ་ཐེབས་རྩ་ལྷན་ཚོགས། དེ་བཞིན་ཨོ་མོན་མཛེས་རྩལ་མཐུན་ཚོགས་བཅས་ནས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྒྱུ་རྩལ་སློབ་གསོ་གོང་འཕེལ་གཏོང་རྒྱུར་རོགས་རམ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་རྒྱུད་འཛིན་དང་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག