མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སེམས་ཤུགས་གཅིག་ཏུ་སྒྲིལ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པ་གསར་པ་ཐོན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-11 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་དོན་དུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོགས་བྱས་ཚུན་ནས་རིམ་པ་ཁག་གི་སྒྲིག་བཤེར་ལས་ཁུངས་ཀྱིས་གཅིག་ནས་འཕྲལ་སྒྲུབ་འཕྲལ་བཅོས་དང་ཞིབ་ཕྲའི་གནད་དོན་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་གཉིས་ནས་ཁྱོན་ཡོངས་ཀྱི་འཆར་འགོད་ལ་དོ་སྣང་དང་རྒྱང་རིང་ལ་རྐང་པ་ཚུགས་པར་བསམ་བློ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བར་དགེ་མཚན་ལྡན་པའི་འཕེལ་རིམ་ཐོབ་ཡོད་པ་རེད།

ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་པུས་འགན་དཀྲི་གནས་གཏན་འཁེལ་བ་གཏན་འབེབས་ཁ་གསལ་བྱས་པ་དང་ལྟེ་གནད་ཀྱི་ལས་འགན་ལ་གཅིག་བསྡུས་དང་འགན་ནུས་སྤོ་བསྒྱུར། བྱེད་ཐབས་ལ་འགྱུར་བ་གཏོང་བ། སྤྱོད་ཚུལ་བསྒྱུར་བཅོས་བཅས་བྱས་ཏེ། ལྟ་ཞིབ་ལག་བསྟར་གནད་དོན་གྱི་འགན་དཀྲི་ལེགས་སུ་བཏང་བ་དང་ཏང་སྲོལ་སྲིད་སྲོལ་གྱི་ལྟ་སྐུལ་ལག་བསྟར་དང་སྒྲིག་བཤེར་ཞིབ་དཔྱད་བྱེད་ནུས་ཤུགས་ཆེར་བཏང་ཡོད་པ་རེད།

ཏང་ཨུད་དང་ཏང་ཙུའུ་ཡིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་གཙོ་གཟུགས་འགན་དཀྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་སྒྲིག་བཤེར་ཨུ་ལྷན་གྱི་ལྟ་སྐུལ་འགན་དཀྲི་དོན་འཁྱོལ་ནན་ཏན་བྱེད་ཆེད་དུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་པུའུ་ཨུད། གཞུང་དབང་ཁེ་ལས་དང་གཞུང་དབང་དངུལ་རྩའི་ལས་ཁུངས་ཀྱི་ཏང་ཙའུ་དང་ཏང་ཨུད་ཀྱི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་གཙོ་སྐྱོང་གནང་བ་དང་། རིམ་པ་ཁག་གི་ཏང་ཨུད་ཀྱིས་འགན་དཀྲི་གང་ལེགས་འཁུར་རྒྱུ་དང་གཙོ་གཟུགས་འགན་དཀྲི་འཁུར་ནུས་ལ་སྐུལ་འདེད་བཏང་ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་བཅས་པའི་ཧྲུའུ་ཅི་གཞོན་པ་བདུན་གྱིས་ཁག་སོ་སོར་ཞིང་ཆེན་དང་གྲོང་ཁྱེར་ཨུ་ལྷན་ཧྲའུ་ཅི་དང་ཞལ་ཆད་ལྟར་གྲོས་མོལ་གནང་བ་དང་ཞིང་ལྗོངས་དང་གྲོང་ཁྱེར་གྱི་སྒྲིག་བཤེར་ཨུ་ལྷན་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གཙོ་གཟུགས་འགན་དཀྲི་དང་ལྟ་སྐུལ་འགན་དཀྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

རིམ་པ་ཁག་གི་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་དང་རུལ་སུངས་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་རྒྱུ་དེ་མིག་སྔའི་ལས་འགན་གཙོ་བོ་ཡིན་པའི་ངོས་ནས་འབུར་ཚིགས་གཅིག་ལ་གཅིག་སྦྲེལ་མཐུད་ཀྱིས་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་པ་དང་སྙིང་རུས་ལྷོད་མེད་ཀྱིས་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་བཤེར་ནན་སྲུང་བྱེད་བཞིན་ཡོད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཏུ་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱེད་རྒྱུའི་ལྟ་སྐུལ་ཐེར་འདོན་ཐད་གཏོང་ལེ་ཚན་གཏོད་ཡོད་པ་དང་། རུས་མིང་གསལ་སྟོན་གྱིས་སྤྱོད་ཚུལ་ངན་པ་བཞིའི་ཐད་ཀྱི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་བཏང་ཡོད་པ་རེད། ད་ལའོ་སྤྱི་ཟླ་ལྔ་པའི་ཟླ་མཇུག་བར་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་བཞི་ཁྲི་ལ་ཉེ་བ་རྩད་བཤེར་ཐུབ་ཡོད་པ་དང་མིའི་ཐེངས་གྲངས་ལྔ་ཁྲི་ལྷག་ཙམ་ཐག་གཅོད་བྱས་པ། མིའི་ཐེངས་གྲངས་ཆིག་ཁྲི་ལྷག་ཙམ་ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད་པ་རེད། བང་རིམ་འབྲིང་གྲས་དོ་དམ་ལས་བྱེད་པའི་བཤད་ཚུལ་ལ་ཁྱོན་ཡོངས་ནས་གཙང་བཤེར་དང་རིགས་དབྱེ་ཁག་བགོས་ཀྱི་ཐག་གཅོད་བྱས་པ་དང་། སྒྲིག་བཤེར་རྩད་བཤེར་བྱེད་ནུས་ལ་ཤུགས་སྣོན་བརྒྱབ་པས་ད་ལོའི་སྤྱི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་མིའི་ཐེངས་གྲངས་62953ཟིན་པས་ན་ནིང་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་34.7འཕར་ཡོད་པ་རེད།

དེ་མིན་ལྕགས་རྡུང་པར་ཐོ་བ་མཁྲེགས་དགོས་པ་དང་ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་རུང་བའི་བླང་བྱར་གཞིགས་ན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ད་དུང་རང་ཁོངས་ཚན་པའི་ནང་དུ་ཚོགས་བྱང་གཙང་བཤེར་ཆེད་དོན་བྱེད་སྒོ་སྤེལ་དགོས། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་སྒྲིག་བཤེར་ལྟ་སྐུལ་ལས་བྱེད་པའི་ལྟ་སྐུལ་ཁང་བཙུགས་ཟིན་པ་དང་རང་ངོས་ཀྱི་ལྟ་ཞིབ་དང་སྒྲིག་ཁྲིམས་ཀྱི་བཅུན་སྡོམ་ལེགས་སུ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ཐེར་འདོན་ཡོངས་བསྒྲགས་བྱེད་རྒྱུ་དང་སྒྲིག་བཤེར་ལས་ཁུངས་ནང་དུ་སྒྲིག་བཤེར་ལས་འགལ་བའི་གནད་དོན་ཐོན་རྒྱུར་མཐའ་གཅིག་ཏུ་གཏན་འགོག་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག