མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་ནས་ཀྲང་ཅ་ཅེའི་བར་གྱི་མྱུར་བགྲོད་ལྕགས་ལམ་འཆར་གཞི་ལྟར་ན་ལོ་འདིའི་ནང་བསྐྲུན་འགོ་འཛུགས་རྒྱུ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-10 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཕྱོགས་མང་པོ་ནས་ཤེས་རྟོགས་བྱུང་བར། པེ་ཅིན་ནས་ཀྲང་ཅ་ཅེ་བར་གྱི་མྱུར་བགྲོད་ལྕགས་ལམ་འཆར་གཞི་ལྟར་ན་ལོ་འདིའི་ནང་བསྐྲུན་འགོ་འཛུགས་རྒྱུ་དང་། སྤྱི་ལོ2017ལོར་བསྐྲུན་ཚར་ནས་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་ཡིན་ཞིང་། དེས2022ལོའི་པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲིམ་འགྲུལ་ཐད་འགན་སྲུང་བྱ་རྒྱུ་ཡིན་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། པེ་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་གཉིས་ནས་མྱུར་བགྲོད་ལྕགས་ལམ་དེ་བསྐྲུན་པའི་གྲ་སྒྲིག་བྱེད་བཞིན་ཡོད། ཡིན་ནའང་དུམ་མཚམས་ཁ་ཤས་ཀྱི་གྲ་སྒྲིག་ལས་དོན་སྒྲུབ་པར་ད་དུང་དུས་ཚོད་འགའ་དགོས་པས། ལོ་འདིའི་ནང་གྲ་སྒྲིག་ཚར་བའི་དུམ་མཚམས་ཁག་ཅིག་བསྐྲུན་འགོ་འཛུགས་རྒྱུ་དང་། འཆར་གཞི་ལྟར་ན་སྤྱི་ལོ2017ལོའི་སྔ་ནུབ་ཏུ་ལམ་ཐིག་ཚང་མ་བསྐྲུན་ཚར་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག