མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གི་ལྟ་ཞིབ་སྡེ་ཁག་གིས་འགན་ནུས་དང་སྤྱོད་ཚུལ་བརྗེ་བསྒྱུར་ཐད་སྐུལ་འདེད་གཏོང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-10 11:04

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་འདི་ཤར་ཚུན་ཀྲུང་དབྱང་ནས་ས་གནས་བར་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལས་གནས་མི་ཉུང་བ་ཞིག་ལེགས་སྒྲིག་དང་། འགན་ནུས་ཐད་བརྗེ་བསྒྱུར་བྱས་ཡོད། དེ་དག་ཚང་མ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་ནུས་བརྗེ་བསྒྱུར་དང་། བྱ་ཐབས་བརྗེ་བསྒྱུར། སྤྱོད་ཚུལ་ལེགས་བཅོས་བཅས་ཀྱི་བླང་བྱར་གཞིགས་ནས་བྱས་པ་ཞིག་རེད།

ཉེ་ཆར་ཧྲན་ཏུང་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཐིང་གི་ལས་ཁུངས་བསྒྱུར་བཅོས་ལེགས་སྒྲིག་ལེགས་གྲུབ་བྱུང་བ་དང་། སྒྲིག་བཤེར་ལྟ་ཞིབ་ཁང་གི་ལས་མི་མི་དྲུག་ནས་བརྒྱད་བར་སྤར་ཞིང་། སྒྲིག་བཤེར་ལྟ་ཞིབ་ལས་སྒོའི་ནང་བཙུགས་ལས་ཁུངས་ཀྱིས་ལས་ཁུངས་ཀྱི་སྤྱི་འབོར་གྱི་བརྒྱ་ཆ65ཟིན་པ་དང་། མི་སྣའི་སྒྲིག་ཁོངས་ཀྱིས་སྒྲིག་ཁོངས་ཀྱི་སྤྱིའི་འབོར་ཚད་ཀྱི་བརྒྱ་ཆ68ཟིན་ཡོད་པ་རེད། པེ་ཅིན་དང་། ནང་སོག ཅང་སུའུ། སི་ཁྲོན་སོགས་ཞིང་ལྗོངས་དང་གྲོང་ཁྱེར་མང་པོས་བསྒྱུར་བཅོས་ལེགས་སྒྲིག་བྱས་པ་མ་ཟད་དངོས་སུ་ལག་བསྟར་བྱས་ཡོད་པ་དང་། དེ་མིན་ཞིང་ལྗོངས་དང་གྲོང་ཁྱེར་གྱི་སྒྲིག་བཤེར་ལས་ཁུངས་ཀྱི་ནང་བཙུགས་ལས་ཁུངས་ལེགས་སྒྲིག་ཞུས་གཞིར་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཆོག་མཆན་ཐོབ་ཅིང་། ལོ་འདིའི་ནང་ཚང་མ་ལེགས་གྲུབ་ཐུབ་རྒྱུ་ཡིན་པ་རེད།

ཧྥུ་ཅན་ཞིང་ཆེན་སྒྲིག་ཨུད་གྱིས་འགན་ནུས་བརྗེ་བསྒྱུར་དེ་ལྟེ་བར་བཞག་ནས། འགན་ནུས་སྔར་བས་ཁ་གསལ་དུ་བཏང་བ་དང་། དོ་དམ་བྱ་དགོས་དོན་མེད་པའི་ལས་དོན་དག་འགན་གཙོ་བོ་འཁུར་མཁན་སྡེ་ཁག་ལ་སྤྲད་པས། འགན་འཁུར་མཚམས་ལས་བརྒལ་བ་དང་། འགན་གནས་སྟོང་ཆར་ལུས་པ། འགན་གནས་གོ་འཛོལ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

ཧོ་པེ་ཞིང་ཆེན་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་གསུམ་བརྗེ་བསྒྱུར་བྱེད་པ་བརྒྱུད། མང་ཚོགས་ལ་ལྟ་སྐུལ་ཁྲིམས་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་ཤུགས་ཚད་ཆེ་རུ་ཕྱིན་པའི་མྱོང་ཚོར་ཐུབ་པ་བྱས་ཡོད་པ་རེད། མིག་སྔར་ཧོ་པེ་ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དང་ཐེ་ཞུགས་བྱས་པའི་གྲོས་དོན་མཐུན་སྦྱོར་ལས་ཁུངས165ནས14བར་ཉུང་དུ་བཏང་བ་དང་། ནང་བཙུགས་ལས་ཁུངས་ལེགས་སྒྲིག་ཐེངས་གཉིས་བྱས་ཡོད་པ་རེད།

ཧུའུ་ནན་ཞིང་ཆེན་ཤང་དན་གྲོང་ཁྱེར་གཡོས་ཐང་ཁུལ་སྒྲིག་བཤེར་ལྟ་ཞིབ་ཅུས་ཀྱིས་འགག་གནས་ལྔ་དམ་པོར་སྲུང་དགོས་པའི་བླང་བྱ་བཏོན་པ་དང་། དེའི་ནང་ཡིག་སྐུར་ངོ་གཏུག་ཞུ་གཏུགས་བདག་སྤྲོད་འགག་སྒོ་དང་། ཁག་དབྱེ་བགོ་འགྲེམས་ཀྱི་འགག་སྒོ། སྒྲུབ་གཉེར་འགག་སྒོ། ཐག་གཅོད་དུས་བཀག་འགག་སྒོ། ཡིག་ཚགས་དོ་དམ་འགག་སྒོ་བཅས་ཚུད་ཡོད་པ་རེད།

ཧྥུ་ཅན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཐིང་གིས་ལམ་ལུགས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད། ནང་ཁུལ་དོ་དམ་ཤུགས་ཆེར་བཏང་ནས། ནང་ཁུལ་དུ་ཁྲིམས་འགལ་གནད་དོན་ཐོན་རྒྱུར་སྔོན་འགོག་བྱེད་བཞིན་ཡོད། ཁོ་ཚོས་ལས་ཁུངས་ཀྱི་དོ་དམ་སྒྲིག་ལམ་ཁག66ཁྱོན་ཡོངས་ནས་གསེད་འགྲོལ་བྱས་ནས། ལས་ཁུངས་དོ་དམ་གྱི་ལམ་ལུགས་གསར་པ་དོན་ཚན53གཏན་ལ་ཕབ་པ་དང་། ལས་བྱེད་པའི་ལས་འགན་འཁུར་བའི་བྱ་སྤྱོད་སྔར་བས་ཚད་ལྡན་བཟོས་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་གྲེན་ཏུ་གྲོང་ཁྱེར་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་རང་བཤེར་རང་བཅུན་གྱིས། རང་འགུལ་ཐོག་ལྟ་སྐུལ་དང་ལེན་ཞུས་པ་དང་། མི་གཞན་ལ་ལྟ་སྐུལ་བྱ་རྒྱུ་དེ་རང་གཞན་གཉིས་ཀར་ལྟ་སྐུལ་བྱ་རྒྱུར་བསྒྱུར་ཡོད་པ་དང་། ཁོ་ཚོས་ད་དུང་སྒྲིག་བཤེར་ལྟ་ཞིབ་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་བཙུགས་པ་དང་། ཡོངས་བསྒྲགས་ནང་དོན་དང་དུས་བཀག་ཁ་གསལ་བཟོས་པ་དང་། དུས་ཚོད་གཏན་འཁེལ་གྱིས་སྒྲིག་བཤེར་སྒོ་དབྱེའི་ཉིན་མོ་དང་། གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག