མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་བསྐྲུན་པུའུ་ཡིས་གཞུང་གི་བོག་གཏོང་ཁང་པ་དང་ཁང་གླ་ཁེ་བའི་ཁང་པ་ཆབས་ཅིག་ཏུ་གོང་འཕེལ་གཏོང་དགོས་ཞེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-10 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་བསྐྲུན་པུའུ་ཡིས་བསམ་འཆར་བཏོན་ནས། ས་གནས་ཁག་གིས་སྤྱི་པའི་བོག་གཏོང་ཁང་པ་དང་ཁང་གླ་ཁེ་བའི་སྡོད་ཁང་ཆབས་ཅིག་ཏུ་བདག་གཉེར་བྱེད་པའི་དོ་དམ་ལས་དོན་སྔར་བས་ཡག་པ་སྒྲུབ་དགོས་པའི་བླང་བྱ་བཏོན་འདུག ཟླ་སྒྲིལ་བཏང་རྗེས་ཀྱི་གཞུང་གི་བོག་གཏོང་ཁང་པའི་འབྲེལ་ཡོད་བདག་གཉེར་དོ་དམ་ལས་དོན་སྔར་བས་ཡག་པ་སྒྲུབ་རྒྱུའི་ཐད་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་བསྐྲུན་པུའུ་ཡིས་འགན་སྲུང་གི་ཁ་ཕྱོགས་གསལ་པོ་བཟོ་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་འཁོར་མོའི་འཛུགས་བསྐྲུན་འཆར་གཞི་བཟོ་རྒྱུ། རེ་ཞུ་ཞིབ་དཔྱད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རེས་སྒུག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། བོག་གཏོང་དོ་དམ་ཤུགས་ཆེར་གཏོང་རྒྱུ། བེད་སྤྱོད་དང་ཕྱིར་སློག་ཐད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆ་འཕྲིན་ཡོངས་བསྒྲགས་ཐད་སྐུལ་འདེད་གཏོང་རྒྱུ་བཅས་བསམ་འཆར་ཁག་བདུན་བཏོན་ཡོད་པ་རེད། དེའི་ནང་འགན་སྲུང་ཁ་ཕྱོགས་ཐད་སྔར་གྱི་ཁང་གླ་ཁེ་བའི་སྡོད་ཁང་འགན་སྲུང་བྱ་ཡུལ་དང་སྔར་གྱི་གཞུང་གི་བོག་གཏོང་ཁང་པ་འགན་སྲུང་བྱ་ཡུལ་ཚུད་པ་དང་། གཏན་ལ་ཕབ་པའི་ཆ་རྐྱེན་ཚང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་ཞིང་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། ཡོང་འབབ་འབྲིང་སྨད་ཡིན་ཞིང་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་། དེ་བཞིན་ཆ་རྐྱེན་ཚང་བའི་གསར་ཞུགས་ལས་མི་སྡོད་ཁང་མེད་པ། ལས་གནས་བརྟན་པོ་ཡོད་པའི་ཕྱོགས་མི་བཅས་འགན་སྲུང་བྱ་ཡུལ་ཡིན་པ་ཁ་གསལ་བཟོས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག