མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 10:53

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་ཚེས་དགུ་ཉིན་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་དམིགས་བསལ་འཐུས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་དང་། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་གཉིས་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱའི་དམིགས་བསལ་འཐུས་མི། རྒྱལ་སྲིད་བློན་ཆེན་ཁི་ལི་དང་། ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ་ལུའུ་བཅས་ཀྱིས་མཉམ་དུ་ཚོགས་འདུར་མགོ་འཛིན་བྱས།

ཝང་ཡང་གིས་བཤད་རྒྱུར། ཀྲུང་ཞི་ཞི་ཅིན་ཕེན་གྱིས་སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་དང་སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་མི་གཞུང་བརྗེ་རེས་མཐོ་རིམ་གྲོས་མོལ་ཚོགས་འདུའི་མཉམ་འབྲེལ་གྱི་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་ལས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་རེ་བ་ནན་མོ་བཅངས་ཡོད་ལ། སྐོར་ཐེངས་འདིའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་ལའང་རེ་བ་བཏོན་ཡོད་ཟེར།

དཔལ་འབྱོར་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་དང་སྒྲིག་གཞི་བཅོས་བསྒྱུར་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དངུལ་ལོར་ལས་རིགས་བཅོས་བསྒྱུར་སྒོ་འབྱེད་བྱེད་པ་སོགས་ཐད་ནས་བརྗེ་རེས་ཟབ་མོ་བྱས།

འཐབ་ཇུས་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ལྷག་བསམ་ཟོལ་མེད་སྒོས་བསམ་འཆར་བརྗེ་རེས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག