མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་དང་སྐོར་ཐེངས་ལྔ་བའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་མི་གཞུང་བརྗེ་རེས་མཐོ་རིམ་གྲོས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 10:52

ཟླ་བདུན་པའི་ཚེས་དགུ་ཉིན། སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་དང་སྐོར་ཐེངས་ལྔ་བའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་མི་གཞུང་བརྗེ་རེས་མཐོ་རིམ་གྲོས་མོལ་ཚོགས་འདུའི་མཉམ་འབྲེལ་གྱི་མགོ་རྩོམ་པའི་མཛད་སྒོ་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་བསྡུས་པའི་སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་དང་སྐོར་ཐེངས་ལྔ་བའི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་མི་གཞུང་བརྗེ་རེས་མཐོ་རིམ་གྲོས་མོལ་ཚོགས་འདུའི་མཉམ་འབྲེལ་གྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཁ་ཡིག་ལ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་ཞུ་ཚིག་ཕུལ། ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པའི་ཚུན་ལ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་གནས་བབ་དང་བསྟུན་ནས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་། ཡིད་ཆེས་ཇེ་དམ་དུ་གཏོང་བ། མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་དུ་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་པའི་ཐད་ལ་ལྟ་ཚུལ་དང་འདོད་བློ་འདི་ལྟར་བཏོན་པ་སྟེ། གཅིག་ནི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། གཉིས་ནི་ཕན་ཚུན་ལ་བརྩི་འཇོག་བྱས་ནས། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་བྱེད་དགོས། གསུམ་ནི་འདྲ་མཉམ་གཉིས་ཕན་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི་ནི་དམངས་འདུན་ལ་དམིགས་ཏེ་མཛའ་བཤེས་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་ཡིས་ཡིག་ཐོག་གི་ཞུ་ཚིག་ཕུལ། ཞུ་ཚིག་ནང་ཁོས་ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱིས་འབྲེལ་འདྲིས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། དཔལ་འབྱོར་ཐད་ནས་ཕན་ཚུན་ལ་རྒྱབ་རྟེན་བྱེད་དགོས་པར་མ་ཟད། ཕྱོགས་གཉིས་ཀྱིས་ཐུན་མོང་གི་ཁེ་ཕན་དང་ཐུན་མོང་གི་འགན་འཁྲི། ཐུན་མོང་གི་འགྲན་རྩོད་བཅས་ལ་དམིགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཧུར་ཐག་འཛུགས་སྐྲུན་བྱེད་དགོས་ཞེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག