མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དེང་རབས་ཉེན་ཚབ་ཞབས་ཕྱིའི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་བྱས་ཤིང་། ནུས་ཁུངས་གསར་བའི་རླངས་འཁོར་ཉོ་སྡུད་དཔྱད་ཁྲལ་མེད་པར་གཏོང་རྒྱུ་ཐག་བཅད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་སྲིད་འཛིན་ཁྲིམས་སྲོལ་བཟོ་བཅོས་ཆོད་དོན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། བཅོས་སྒྱུར་སྒུལ་ཤུགས་སུ་བསྒྱུར་ཞིང་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་། མཐུན་སྦྱོར་མཉམ་འབྲེལ་སྒོས་དེང་རབས་ཉེན་ཚབ་ཞབས་ཕྱིའི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། གཅིག ཉེན་ཚབ་དང་འགན་སྲུང་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། ཚོང་ལས་ཉེན་ཚབ་དེ་སྤྱི་ཚོགས་འགན་སྲུང་མ་ལག་གི་ནུས་ཤུགས་གཙོ་བོ་རུ་སྒྱུར་དགོས། གཉིས། ཉེན་ཚབ་དེ་གནོད་འཚེ་དོན་རྐྱེན་འགོག་སྲུང་རྒུད་སྐྱོབ་ཀྱི་མ་ལག་ཁྲོད་དུ་འཇོག་དགོས། གསུམ། ཉེན་ཚབ་བརྒྱུད་ནས་ཐོན་ལས་ཀྱི་རིམ་པ་འཕར་བར་སྐུལ་འདེད་གཏོང་དགོས། བཞི། ཉེན་ཚབ་ནང་རྐྱེན་ལ་བརྟེན་ནས་སྤྱི་བའི་ཞབས་ཕྱི་གསར་སྐྲུན་བྱེད་དགོས། ལྔ། ཉེན་ཚབ་ལས་རིགས་ཀྱི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཚོགས་ཐོག་ནས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ་ཀྲུང་གོའི་ནང་ཁུལ་ནས་ཕྱིར་འཚོང་བྱེད་པར་ཆོག་མཆན་ཐོབ་པའི་གློག་སྒུལ་རླངས་འཁོར་དང་ཆ་རྐྱེན་དང་འཚམ་པའི་གློག་གསོག་རང་བཞིན་གྱི་འདྲེས་སྦྱོར་གློག་སྒུལ་རླངས་འཁོར། འབར་རྫས་གློག་གཡིས་ཅན་གྱི་གློག་སྒུལ་རླངས་འཁོར་བཅས་རིགས་གསུམ་གྱི་ཉོ་སྡུད་དཔྱ་ཁྲལ་མེད་པར་གཏོང་རྒྱུ་ཐག་བཅད།

ཚོགས་ཐོག་ནས་སྲིད་གཞུང་གི་ཉོ་སྡུད་བཅའ་ཁྲིམས་དང་རྩིས་གཉེར་པའི་ཐོ་འགོད་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལྔ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏེར་རྫས་ཐོན་ཁུངས་སྔོན་འདོན་ཐོ་འགོད་དོ་དམ་བྱེད་ཐབས་སོགས་སྲིད་འཛིན་ཁྲིམས་སྲོལ་ཉེར་གཅིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག