མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 10:40

ཟླ་བདུན་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། འཛམ་གླིང་དངུལ་ཁང་ནི་ཀྲུང་གོའི་འཕེལ་རྒྱས་གྲོགས་པོ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་བརྒྱུད་རིམ་ཁྲོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་བར་མཉམ་ལས་བཟང་བོ་བྱས་ཡོད། འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་དབུལ་ཕོངས་སེལ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ནུས་པ་བཟང་བོ་བཏོན། གནས་བབ་གསར་བའི་འོག་ཕྱོགས་གཉིས་ཀྱིས་བབ་བསྟུན་མདུན་སྐྱོད་དང་བྱེད་ཐབས་གསར་བསྐྲུན། ཀྲུང་གོའི་གནས་ཚུལ་གཞིར་བཟུང་སྟེ། ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གནད་ས་གཙོ་བོ་དམ་པོར་བཟུང་ནས། མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་ཏེ། འདྲ་མཉམ་གཉིས་ཕན་དང་མཉམ་ལས་གཉིས་རྒྱལ་གྱི་རྣམ་པ་གསར་བའི་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་དགོས་པར་རེ་བ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་གི་འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་སེལ་བའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཅིན་ཡུན་གྱིས་བཤད་རྒྱུར། འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་གྲོང་བརྡལ་ཅན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་བྱ་བའི་ཁྲོད་ཧུར་ཐག་སྒོས་ཞུགས་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག