ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག731དཔུང་སྡེའི་སྡིག་ཉེས་དཔང་རྟགས་འགྲེམས་སྟོན་ཁང་ནས་ཤེས་རྟོགས་བྱུང་བར།731གནའ་ཤུལ་གི་ལྟེ་བའི་ཁུལ་གྱི་འབུ་ཕྲའི་ཚོད་ལྟ་ཁང་དང་། ཆེད་མངག་བཙུགས་པའི་བཙོན་ཁང་གཅིག་སྡུད་ཐོག་གཙང་སེལ་བྱེད་པའི་ལས་དོན་སྤེལ་བ་དང་། དུས་སང་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༧༠འཁོར་བའི་སྐབས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེ་ཐུབ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
འབུ་ཕྲའི་ཚོད་ལྟ་ཁང་དང་ཆེད་མངག་བཀོད་སྒྲིག་བྱས་པའི་བཙོན་ཁང་ནི་ཀྲུང་གོར་བཙན་འཛུལ་བྱེད་མཁན་ལྗར་དམག731དཔུང་སྡེས་འབུ་ཕྲའི་ཚོད་ལྟ་བྱེད་སའི་ལྟེ་བའི་ཁུལ་ཡིན་པ་དང་། གནའ་ཤུལ་དེའི་འཛུགས་སྐྲུན་གྱི་རིང་ཚད་ལ་རྨིད170དང་། ཞེང་ཚད་ལ་རྨིད140ཡོད་པ། 731དཔུང་སྡེ་བྲོལ་བྱོལ་དུ་མ་སོང་གོང་དེ་འབར་གཏོར་བྱས་ནས་གཏོར་བརླག་བཏང་བ་རེད། །