མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཐོ་རྒྱུགས་ནང་སྐར་མ་གང་བྱུང་དུ་སྣོན་མཁན་རྣམས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-09 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་སྤྱི་ཚེས་༨ཉིན། མཐོ་རིམ་སློབ་གྲྭ་ཁག་གིས་ལུས་རྩལ་གྱི་དམིགས་བསལ་རྩལ་ནུས་ལྡན་པའི་རྒྱུགས་ལེན་སློབ་མ་བསྡུ་བའི་མཇུག་འབྲས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སློབ་ཞུགས་ཆེད་ལས་ཐད་བསྐྱར་ཞིབ་བྱེད་དགོས་པ། བསྐྱར་ཞིབ་བྱེད་སྐབས་ཚད་མ་ལོན་པ་དག་གི་སློབ་ཐོ་མི་འགོད་པའམ་སློབ་ཐོ་རྩིས་མེད་གཏོང་དགོས་པ། འབྲེལ་ཡོད་གྱོད་གཞི་རྩད་གཅོད་མཐིལ་ཕྱིན་པ་བྱས་ནས། གྱོད་འབྲེལ་མི་སྣ་ཐར་པར་གཏོང་མི་རུང་བ་དང་བཟོད་བསྲན་གཏན་ནས་བྱ་མི་རུང་ཞེས་བཤད་འདུག ཧོ་ནན་དང་ལེའོ་ཉིང་གི་མཐོ་རིམ་སློབ་འབྲིང་འགའ་ཤས་ཀྱི་ལུས་རྩལ་ཐད་ཀྱི་དམིགས་བསལ་རྩལ་ནུས་སྐར་མ་སྣོན་ཆོག་པའི་སློབ་མའི་མི་གྲངས་མང་དྲག་པའི་གནད་དོན་ཐད། སློབ་གསོ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཤུའེ་མེ་ཡིས་སྤྱི་ཚེས་༨ཉིན། ཧོ་ནན་དང་ལེའོ་ཉིང་ནས་བརྟག་དཔྱད་གཟབ་ནན་བྱས་ཐོག མཐོ་རྒྱུགས་ཀྱི་སྐར་མ་སྣོན་པའི་གནད་དོན་ཐེར་འདོན་བྱས་པ་དེར་ཞིབ་བཤེར་བརྟག་དཔྱད་མཐར་ཕྱིན་པ་བྱ་དགོས་པ་དང་། བརྟག་དཔྱད་ཀྱི་མཇུག་འབྲས་ལ་གཞིགས་ནས། འབྲེལ་ཡོད་མི་སྣའི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱ་དགོས་པ་དང་། ཉེས་གསོག་དང་འབྲེལ་བ་ཡོད་པ་དག་ཁྲིམས་འཛིན་ལས་ཁུངས་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས་པའི་བླང་བྱ་བཏོན་ཟིན་ཞེས་དང་། སློབ་གསོ་པུའུ་ཡིས་གོམ་སྟབས་རྗེས་མར་མཐོ་རྒྱུགས་སྐབས་ཀྱི་སྐར་སྣོན་སྲིད་ཇུས་ཉུང་དུ་གཏོང་བ་དང་གཙང་སེལ་བྱས་ནས། གཙོ་གནད་དུ་སྐར་སྣོན་རྣམ་གྲངས་ཉུང་དུ་གཏོང་བ་དང་། སྐར་མ་སྣོན་པའི་སྐར་གྲངས་དམའ་རུ་བཏང་ནས། སྐར་སྣོན་ཐོབ་ཐང་རྫུན་བཟོར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་ཞེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག