མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིའུ་ཆི་པའོ་ཡིས་གསར་རྩོམ་དར་རྒྱས་ལ་སྐུལ་འདེད་བཏང་ནས་གློག་བརྙན་སྟོབས་ཆེའི་རྒྱལ་ཁབ་ལ་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-09 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལེའུ་ཆི་སྦའོ་སྤྱི་ཚེས་བརྒྱད་ཉིན་རྒྱལ་ཡོངས་གློག་བརྙན་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཁོང་ནས་ཀྲུང་གོའི་གློག་བརྙན་གོང་འཕེལ་མགྱོགས་པོ་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། དར་རྒྱས་གོང་འཕེལ་གྱི་འགག་རྩའི་དུས་མཚམས་ཤིག་ཏུ་སླེབས་ཡོད་པས། དམིགས་ཡུལ་གཉིས་ཀྱི་ཁ་ཕྱོགས་དང་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། མི་དམངས་གཙོ་བོར་འཛིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཁེ་ཕན་གཅིག་གྱུར་ཡོང་བ་བཅས་བྱས་ནས། གསར་གཏོད་ནུས་པ་ཤུགས་ཆེར་བཏང་ཐོག རང་རྒྱལ་གློག་བརྙན་རྒྱལ་ཁབ་ཆེན་མོ་ནས་གློག་བརྙན་སྟོབས་ཆེའི་རྒྱལ་ཁབ་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག