ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་དྲག་ཇུས་པུའུ་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། དམག་ཨུད་སྒྲིག་བཤེར་ཨུ་ལྷན་བཅས་ནས་ཉིན་ཤས་གོང་སྤྱོད་གཙང་ཐོག་ནས་དམག་མི་བསྡུ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བརྡ་ཐོ་ཞེས་པ་བཀྲམ་པ་དང་། བརྡ་ཐོའི་ནང་། རྒྱལ་ཁབ་ཀྱི་དམག་མི་གསར་པ་བསྡུ་བའི་ཐད་ཀྱི་སྲིད་ཇུས་གཏན་འབེབ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ལོ2010ལོར་སྤྱི་ཁྱབ་དྲག་ཇུས་པུའུ་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། རྒྱལ་ཁབ་ལྟ་ཞིབ་པུའུ་བཅས་ནས་པར་འགྲེམས་བྱས་པའི་སྤྱོད་གཙང་ཐོག་ནས་དམག་མི་བསྡུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་ལག་བསྟར་ནན་ཏན་བྱས་ནས། མངོན་གསལ་ཡོངས་བསྒྲགས་དང་། གཡོལ་བ། འགན་འཁྲི་བདའ་འདེད་སོགས་སྤྱོད་གཙང་ཐོག་དམག་མི་བསྡུ་བའི་ལས་དོན་གྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། བླང་བྱ་ནན་པོ་དེ་དམག་ནང་ཞུགས་མཁན་ཐོ་འགོད་དང་། ལུས་པོའི་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། དམག་མིར་གཏན་འཁེལ་སོགས་ལྷུ་ཚིགས་ཡོངས་སུ་མངོན་པ་བྱ་དགོས་པ། རིམ་ཁག་ཏང་ཨུད་ཀྱིས་འགན་གཙོ་བོ་འཁུར་བ་དང་། སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་གྱི་འགན་ཡག་པོ་འཁུར་བ། འབྲེལ་ཡོད་སྡེ་ཁག་ནས་རང་འཁྲིའི་ལས་འགན་ལེགས་པར་འཁུར་བ་བཅས་བྱས་ནས། ཆེད་དོན་ཚན་པའི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཆ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་དགོས་ཞེས་བཏོན་འདུག །