ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ས་གནས་ཁག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་བའི་བརྒྱུད་རིམ་ནང་སློབ་སྦྱོང་སློབ་གསོ་སེམས་ལ་ཟུག་པ་དང་། བསམ་འཆར་གཟབ་ནན་ངང་ཉན་པ། གནད་དོན་བཙལ་འཚོལ་དངོས་འཛིན་བཙན་འཐབ། སྐྱོན་བརྗོད་ཏན་ཏིག འཕྲལ་དུ་དག་ཐེར་དོན་འཁྱོལ་བཅས་བྱས་ཡོད།
གསར་འགོད་པས་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་བ་ནས་བཟུང་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་དང་རྣམ་པ་བཟང་པོ་ཡོད་པ་དང་གནད་དོན་བཙལ་འཚོལ་དང་སྐྱོན་བརྗོད་བྱེད་པའི་འགག་རྩའི་ལྷུ་ཚིགས་སུ་སླེབས་ཡོད། ས་གནས་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་གྱི་འབྲེལ་གཏུག་ས་ཚིགས་ཚད་གཞིར་འཛིན་པ། ཏང་ནང་ཁུལ་གྱི་འཚོ་བར་དམ་འཛིན་ནན་པོ་བྱེད་པ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ནན་ལ་ཏན་ཏིག་ངང་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཡོད་ཅིང་། ཟླ་6པའི་ཚེས་30ཉིན་བར་ས་ཁུལ་དང་གྲོང་ཁྱེར་90%དང་རྫོང་50%ཡིས་རྒྱུན་ཨུའི་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཡོད་པ་རེད།
བསམ་འཆར་ཉན་སྐབས“གདོང་དམར་པོ་ཆགས་པ”བྱེད་པ་དང་གནད་དོན་བཙལ་འཚོལ་བྱེད་སྐབས“རྔུལ་ཆུ་དོན་པ”བྱས་པ།
ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་ཞིང་ཆེན་མན་གྱི་རིམ་ཁག་ལས་ཁུངས་དང་གཞི་རིམ་ཏང་རྩ་འཛུགས་སུ་སྤེལ་བ་དང་འབྲེལ་བ་ཡོད་པའི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་ལས་དོན་སྡེ་ཚན་ཁྲི་14ལས་བརྒལ་ཞིང་། ཀྲུང་དབྱང་སློབ་གསོ་ལག་ལེན་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་ས་གནས་ཁག་གིས་དུས་ཚོད་དམ་འཛིན་ངང་བྱེད་སྒོ་སྤེལ་བ་ལས་དུས་ཚོད་བརྩོན་ལེན་དང་དུས་ཚད་དོན་གཉེར་མ་བྱས་པས་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱུང་ཡོད།
ཀྲེ་ཅང་ཁྲང་ཤིང་རྫོང་གི་ཏང་ཡོན་དང་ལས་བྱེད་པ་ཚོས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་ཁྲོད་སློབ་གསོ་ཐེབས་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཁྲོད་བསམ་འཆར་ཉན་པ། ཕན་ཚུལ་བསམ་གཞིག་བྱེད་པའི་ཁྲོད་ཧེ་བག་འཚོལ་བ་བཅས་བྱས་ཡོད། རྫོང་ཨུད་རྒྱུན་ཨུ་ཞིག་གིས་ཁ་ལོ་བ་དཀྱུས་མ་ཞིག་གི་མིང་ཐོག་ནས་རླངས་འཁོར་ལོ་བཤེར་བྱེད་པར་བསྐྱོད་པ་དང་སྒྲིག་འགལ་དངུལ་ཆད་སྤྲོད་སྐབས་གྲོང་ཁྱེར་དོ་དམ་དང་། འགྲིམ་འགྲུལ་ཉེན་རྟོག མྱུར་བགྲོད་གཞུང་ལམ་ཉེན་རྟོག་བཅས་ཁག་གསུམ་དུ་འགྲོ་ལུགས་གཉེར་བར་བསྐྱོད་དགོས་པ་མ་ཟད། ད་དུང་ཆད་དངུལ་ཤོག་བྱང་འཁྱེར་ནས་དངུལ་ཁང་དུ་དངུལ་སྐྱེལ་བར་འགྲོ་དགོས་པ་ཤེས། གནས་ཚུལ་དེའི་ཐོག་ནས“སྡེ་ཚན་གྱི་ཁུར་པོ་ཡང་དུ་ཕྱིན་ཡང་མང་ཚོགས་ལ་རྙོག་དྲ་བཟོ་བ”མངོན་གྱི་ཡོད།
དེ་དང་འདྲ་བར་བྱེད་སྒོའི་ཁྲོད་གནས་པའི་བསམ་འཆར་ཉན་སྐབས་དོ་སྣང་བྱེད་ཚད་མི་འདང་བ་དང་གནད་དོན་བཙལ་འཚོལ་གཏིང་ཟབ་མི་བྱེད་པའི་སྣང་ཚུལ་ཐོན་པར་དམིགས་ནས་ས་གནས་དང་ཚན་པ་ཁག་གིས་སྒོ་དངོས་འབྲེལ་ཕྱེ་བ་དང་། རྒྱལ་སྒོ་ཕྱེ་བ། བསམ་འཆར་དངོས་འབྲེལ་ཉན་པ། བསམ་འཆར་ངོ་མ་ཉན་པ། ཡོངས་ཁྱབ་ཐོག་ངོ་མི་གཏུག་པའི་ཐོག་ནས་ཚན་ཁག་ཁོངས་མི་དང་། འོག་རིམ་ཚན་པའི་འགན་འཁུར་བློ་མཐུན་། ལས་དོན་སྤེལ་ཡུལ། ཞབས་འདེགས་ཞུ་ཡུལ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ། གློག་རྡུལ་བསམ་འཆར་སྒམ་འཛུགས་པ་དང་ཆེད་སྤྱོད་ཁ་པར་ཤར་གཏོང་ཐུབ་པ་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྤྱི་ཚོགས་ལ་ཕྱོགས་ནས་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད། ཀོང་ཤིས་ཀྱིས“སྤྱོད་ཚུལ་བཞིར”དམིགས་ནས་དཔེ་མཚོན་དྲངས་པ་དང་ས་གནས་ཁག་གི་འགོ་ཁྲིད་ཚན་ཁག་གིས་དཔེ་མཚོན་གྱི་བྱ་བར་ཆེད་དོན་དབྱེ་ཞིབ་དང་མཉམ་དུ་གནས་ཚུལ་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་ཉིད་ཞིབ་བསྡུར་སྐྱོན་བཤེར་ནང་ཞུགས་ནས་གནད་དོན་ཁས་ལེན་པ་དང་རང་འགུལ་ངང་འགན་འཁུར་ནས་གནད་དོན་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་དང་འབྱུང་རྐྱེན་འཚོལ་ཞིབ་མཐར་ཕྱིན་པ་ཡོང་ཐབས་བྱས་ཡོད།
བསམ་འཆར་ཉན་སྐབས་མང་ཚོགས་ཚོས་སྐབས་རེ་ངོ་སྲུང་དབང་གིས་བསམ་འཆར་འདོན་མི་འདོད་པ་བྱེད་སྐབས་ཇི་ལྟར་བྱེད་དགོས་སམ། གནས་ཚུལ་དེར་དམིགས་ནས་ཅང་སུའུ་ཧོའེ་ཨན་གྲོང་ཁྱེར་ཧོའེ་ཨན་ཆུས་ཀྱིས་ཏང་ཡོན་རྒན་གྲས་དང་། དཔེ་བཟང་བ་རྒན་གྲས། སློབ་ཆེན་ཐོན་པའི་གྲོང་དཔོན། ཏང་ཞུགས་ཧུར་བརྩོན་ཅན་སོགས་རྐང་འཛིན་དུ་བྱས་ཏེ“མི་སྣ་རྒན་གཞོན་གྱི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་ཚོགས་པ”བཙུགས་ཡོད་ཅིང་། བྱེད་སྒོ་སྤེལ་བ་ནས་བཟུང་དམངས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་མཁན“ཚོགས་མི”1000ཙམ་མང་ཚོགས་དུད་ཚང་5400ལྷག་ཙམ་གྱི་ནང་བསྐྱོད་དེ“སྤྱོད་ཚུལ་བཞིའི”ཐད་ཀྱི་གནད་དོན་372བསྡུས་ཡོད།
རང་སྐྱོན་ནན་གྱིས་འདོན་པ་དང་གཞན་སྐྱོན་སྦ་གསང་མེད་པར་བརྗོད་པ།
སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་སྐབས་སློབ་སྦྱོང་སློབ་གསོ་ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཁྱབ་པ་བྱས་ཤིང་། ས་གནས་དང་། སྡེ་ཚན། ཚན་པ་ཁག་གིས་སྔོན་དུས་སུ་བློ་སེམས་རྣལ་ལ་ཕབ་ནས་སློབ་སྦྱོང་ཏན་ཏིག་དང་། གནད་དོན་ལ་གཞིགས་ནས་དཔྱད་བསྡུར་སློབ་སྦྱོང་། སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་ལ་དྲན་གསོ་བཅས་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལན་ཁའོ་རུ་བརྟག་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཐེངས་མང་བྱས་པ་མ་ཟད། མཉམ་དུ་ལན་ཁའོ་རྫོང་ཨུད་རྒྱུན་ཨུའི་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་གྱི་འོད་སྡེར་བལྟས་པ་རེད།
སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་འགོ་ཁྲིད་ལས་བྱེད་པས“རང་སྐྱོན”འདོན་རྒྱུར་སྐྲག་པ་དང་། ངོ་ཚ་པོ་བཟོ་བ། “དགྲ་གསོག་པ”སོགས་ཀྱི་སེམས་ཁྲལ་རྦད་དེ་བསལ་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་བསམ་བློའི་རྨང་གཞི་སྔར་བས་བརྟན་པོ་བཏིང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་དང་ཚན་པ་ཁག་གིས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གིས་གཅིག་སྡུད་ཞིབ་ལྟ་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་འགག་སྒོ་སྲུང་བ། གོང་རིམ་ཏང་ཨུད་བྱེད་སྒོ་གཞུང་དོན་ཁང་ཞིབ་དཔྱད་ཁང་གིས་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཏང་ཨུད་དང་རྒྱུན་ཨུའི་ཚན་ཁག་དང་ཁོངས་མིའི་ཞིབ་བསྡུར་སྐྱོན་བཤེར་གྱི་དཔྱད་གཞིར་ཞིབ་ལྟ་ཐེངས་མང་བྱས་པ་དང་ཞིང་ལྗོངས་གྲོང་ཁྱེར་བཅས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁག་གཅིག་གིས་རང་ཉིད་ངོ་མས་གྲོང་ཁྱེར(རྫོང)ཏང་ཨུད་དང་རྒྱུན་ཨུའི་ཚན་ཁག་དང་དེ་བཞིན་ཏང་སྲིད་འགོ་ཁྲིད་གཙོ་བོའི་ཞིབ་བསྡུར་སྐྱོན་བཤེར་གྱི་དཔྱད་གཞིར་ཞིབ་ལྟ་བྱས་ཡོད། ཀྲུང་དབྱང་སློབ་གསོ་ལག་ལེན་བྱེད་སྒོ་གཞུང་དོན་ཁང་གིས་རྒྱལ་ཡོངས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོད་དོ་ཅོག་གི་ཞིབ་བསྡུར་སྐྱོན་བཤེར་གྱི་དཔྱད་གཞིར་ཐད་ཀར་ཞིབ་ལྟ་བྱས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ནང་གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ལས་བྱེད་པས་ཞིབ་བསྡུར་སྐྱོན་བཤེར་གྱི་དཔྱད་གཞིར་ཉུང་བར་བཟོ་བཅོས་ཐེངས་ལྔ་བརྒྱབ་པ་དང་མང་བར་བཟོ་བཅོས་ཐེངས་ཉི་ཤུ་ལྷག་ཙམ་བརྒྱབ་ཡོད།
དེ་དང་ཆབས་ཅིག་ས་གནས་ཁག་དང་ཚན་པ་ཁག་གིས“སྙིང་གཏམ་ཤོད་པའི”ལས་དོན་ལ་དེ་བས་མཐོང་ཆེན་བྱས་ཏེ་ཆེད་དོན་དམངས་གཙོའི་ཚོགས་འདུ་མ་འཚོག་གོང་གནད་དོན་གླེང་བ་དང་དོགས་གཞི་སེལ་ཞིང་། རིམ་ཁག་འགོ་ཁྲིད་དང་ལྟ་སྐུལ་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གྱིས་ཐད་ཀར་འགན་འཁུར་བ་གཙོ་བོ་བཙལ་ནས་གནད་དོན་གླེང་བ་དང་ཚན་པའི་ཁོངས་མིའི་དབར་གང་བསམ་ལྷུག་གླེང་བྱས་པ་དང་ས་གནས་ཁག་དང་ཚན་པ་ཁག་གིས་རེས་སྐོར་གཉིས་ཡན་གྱི་སྙིང་གཏམ་ཤོད་རེས་བྱས་ཡོད།
ཀྲུང་དབྱང་སློབ་གསོ་ལག་ལེན་བྱེད་སྒོའི་གཞུང་དོན་ཁང་གི་འགན་འཁུར་བས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པའི་ཚན་པའི་གནས་ཚུལ་ལ་བལྟས་ན། སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ཆེད་དོན་དམངས་གཙོའི་ཚོགས་འདུའི་སྤུས་ཚད་མཐོ་བ་དང་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྒམ་ནན་གྱི་ཏང་ནང་གི་ཆབ་སྲིད་འཚོ་བ་ཞིག་བརྒྱུད་ཐུབ་པ་བྱུང་ཁར་རང་གིས་རང་ལ་སྐྱོན་བརྗོད་ནན་པོ་བྱེད་ཐུབ་པ་བྱུང་བ་དང་ཕན་ཚུན་སྐྱོན་བརྗོད་བྱེད་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
འཕྲལ་མར“སྐྱོན་སེལ”བྱེད་པ་དང་ཕུགས་ལ་དམིགས་ནས“ནད་འབྱུང་རྩ་ནས་མེད་པ་བཟོ་བ”
སློབ་གསོ་ལག་ལེན་བྱེད་སྒོ་ནི“དམངས་སེམས་འདུ་འགོད”ཅིག་ཡིན་པ་དང་དེའི་ནང་དོན་གཙོ་བོ་ནི་མང་ཚོགས་ཀྱིས་ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་མཐོང་ཐུབ་པ་བྱེད་པ་དང་གནད་དོན་དངོས་ཐག་གཅོད་བྱེད་པ་མཐོང་ཐུབ་བྱ་རྒྱུ་དེ་ཡིན།
ཨན་ཧུའེ་དང་ཐུང་ལིན་གྲོང་ཁྱེར་དུ་གནད་དོན་གྱི་ཞིབ་ཐོ་དང་། འགན་འཁྲིའི་ཞིབ་ཐོ། གནད་དོན་ཐག་གཅོད་ཀྱི་ཞིབ་ཐོ་བཅས“ཞིབ་ཐོ་གསུམ”གྱི་ལས་ཀའི་བྱེད་ཐབས་ལག་བསྟར་བྱས་ཤིང་། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་བྱེད་སྒོའི་ཚན་པ་ཁག་གིས་ཐོག་མར་གསེད་བཀྲོལ་བྱས་པའི་གནད་དོན་1403“འགན་འཁྲིའི་ཞིབ་ཐོའི”ནང་བཞག་ནས་རེ་རེ་བྱས་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཡོད།
ཆིན་ལིན་ལྟེ་བའི་ཁུལ་དུ་གནས་པའི་ཧྲའན་ཤིས་ཞིང་ཆེན་ཀྲ་ཧྲུའེ་རྫོང་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་ཆེད་གཞི་རིམ་དུ་བསྐྱོད་པ་དང་། གཞི་རིམ་དུ་ཐབས་ཇུས་གྲོས་མོལ་བྱེད་པ། ཤན་འབྱེད་དབང་ཆ་གཞི་རིམ་ལ་སྤྲོད་པ་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ་འགོ་ཁྲིད་ཀྱིས་ནུས་པ་འདོན་པ་དང་། སྡེ་ཚན་གྱིས་བྱ་བ་བསྒྲུབས་པ། མང་ཚོགས་ཀྱི་བསྔགས་བརྗོད་ཐུབ་པ་བཅས་བྱས་པར་བརྟེན་མི་དམངས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད།
“ང་ཚོ་ལས་འགོ་བཙུགས་ན་ཁོང་ཚོ་ལས་འགོ་འཛུགས་པ་དང་། ང་ཚོ་ལས་ཐག་བཅད་ན་ཁོང་ཚོས་ཀྱང་ལས་ཐག་གཅོད་པ། ངལ་གསོའི་སྐབས་སྒོ་རྒྱག་པ་བཅས་བྱེད་པ། སྡེ་ཁུལ་དུ་ཐེལ་ཙེ་གཟེད་རྒྱུ་དང་བྱ་བར་སྒྲུབ་པར་དཀའ་ངལ་འཕྲད་པའི”མང་ཚོགས་ཀྱི་བསམ་འཆར་དེར་དམིགས་ནས་ཅང་སུའུ་ཀྲེན་ཅང་གྲོང་ཁྱེར་རུན་ཀྲོའུ་ཆུས་ཀྱིས་ཆུས་དེ་ཡོངས་སུ་སྤྱི་པའི་ཞབས་ཞུའི་ལམ་ལུགས་ཀྱི་ལས་ཀའི་དུས་ཚོད་བསྒྱུར་ནས་མང་ཚོགས་ལ་སྟབས་བདེ་ཡོང་བ་བྱས་ཡོད།
“གྲལ་བཤེར”བྱེད་པའི་དམིགས་ཡུལ་ནི“གཙང་སེལ”དང“གཟུགས་པོ་ཡང་ཡང་འཁྲུད”པ་ནི“ནད་གཞི་བཅོས”ཆེད་དུ་ཡིན།
གོང་འོག་མཉམ་འགུལ་གྱིས་དག་ཐེར་དམ་འཛིན་བྱས་ཤིང་། སློབ་གསོ་ལག་ལེན་བྱེད་སྒོ་ཁག་དང་པོའི་ཚན་པས་མུ་མཐུད་དག་ཐེར་གཏིང་ཟབ་བྱེད་ཅིང་། མིག་སྔའི་བར་ཞིང་ལྗོངས་གྲོང་ཁྱེར་ཁག་གིས་དག་ཐེར་གྱི་ལས་འགན་85%དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་80% ཀྲུང་དབྱང་གིས་དོ་དམ་བྱས་པའི་དངུལ་རྩའི་ཁེ་ལས་ཀྱིས་76% ཀྲུང་དབྱང་གིས་དོ་དམ་བྱས་པའི་ཁེ་ལས་ཀྱིས་82% ཀྲུང་དབྱང་དོ་དམ་མཐོ་སློབ་ཀྱིས་81%བཅས་ལེགས་གྲུབ་བྱས་ཡོད་པ་རེད།
སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་དག་ཐེར་དམ་འཛིན་བྱས་ཤིང་། གཙོ་གནད་ས་ཁོངས་དང་འགག་རྩའི་མཚམས་ཚིགས་དམ་འཛིན་བྱས་ཏེ་སྒྲིག་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་འབྲེལ་འཕྲལ་མར་བརྡ་ཁྱབ་བཏང་ཞིང་། ཟླ་5པའི་ཟླ་མཇུག་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་41880ཞིབ་བཤེར་ཐག་གཅོད་བྱས་པ་དང་ཏང་ཡོན་ལས་བྱེད་པ་54862ཐག་གཅོད་བྱས་ཡོད། ཀྲུང་དབྱང་སློབ་གསོ་ལག་ལེན་བྱེད་ཆེད་གཞུང་དོན་ཁང་གིས་སླར་ཡང་བརྡ་ཐོ་བཏང་ནས“འདུ་གནས་ཁྲོད་ཀྱི་སྤྱོད་ཚུལ་ངན་པ”མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
(པ་ཚེ་དང་པ་སངས་ཀྱིས་སྒྱུར་ཞུས་བྱས)