ཟླ་7ཚེས་7ཉིན་ནི་མི་རིཌ་ཡོངས་ཀྱིས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་ནས་ལོ་77འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་དང་། ལྟ་སྐོར་བ་མང་པོ་ཧེ་ལུང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་ཨང་731དཔུང་སྡེའི་ཉེས་དཔང་བཤམས་སྟོན་ཁང་དུ་ཡོང་ནས་731དཔུང་སྡེའི་གནའ་ཤུལ་དང་ཉེས་དཔང་ལ་ལྟ་སྐོར་བྱས་ཏེ་བདེན་དོན་དུ་རང་སྲོག་ཤོར་བའི་སྤུན་ཟླར་མྱ་ངན་ཞུས་ཏེ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་མི་རབས་རྗེས་མའི་གོ་རྟོགས་སད་པར་བྱས་ཤིང་། འདི་ནི་ལྟ་སྐོར་བས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་ཨང་731དཔུང་སྡེའི་ཉེས་དཔང་བཤམས་སྟོན་ཁང་ནང་གི་བདེན་དོན་དུ་རང་སྲོག་ཤོར་མཁན་གྱི་མིང་བཀོད་གྱང་ལ་གུས་མཇལ་ཞུ་བའི་གནས་ཚུལ་ཡིན་པ།