མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པས་མི་རིགས་ཧྲིལ་པོའི་ལྗར་འགོག་དམག་འཁྲུག་ལངས་ཏེ་ལོ་ངོ77འཁོར་བར་དྲན་གསོ་ཞུ་བའི་རྩོམ་ཡིག་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས6ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་དཔྱད་གཏམ་པའི་རྩོམ་ཡིག འགོ་བརྗོད་དུ་ལོ་རྒྱུས་ཀྱི་བསླབ་བྱ་སེམས་ལ་བརྟན་པོར་ངེས་པ་དང་། ཞི་བདེ་དྲང་བདེན་སྲུང་སྐྱོང་བྱེད་དགོས། མི་རིགས་ཧྲིལ་པོའི་ལྗར་འགོག་དམག་འཁྲུག་ལངས་ཏེ་ལོ་ངོ77འཁོར་བར་དྲན་གསོ་ཞུ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པས་ནམ་ཡང་མི་ནུབ་པར་གནས་ཐུབ། བདུན་པའི་ཚེས་བདུན་གྱི་དུས་འགྱུར་དང་། ཀྲུང་གོའི་མི་རིགས་ཧྲིལ་པོའི་ལྗར་འགོག་དམག་འཁྲུག་ལངས་ཏེ་ལོ་ངོ77འཁོར་བའི་དྲན་གསོའི་ཉིན་མོ་ཟིན་པའི་སྐབས་འདིར། སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་ཞུ་བ་དང་། རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་ལ་བསམ་གཞིགས་བྱེད་པ། འཛམ་གླིང་གི་གོང་འཕེལ་འགྱུར་ལྡོག་ལ་ཞིབ་ལྟ་བཅས་བྱས་ཚེ། ང་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་གི་འགྱུར་ལྡོག་ལས་བྱུང་བའི་གནས་ལུགས་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་། དེ་བས་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པའི་གཟི་བརྗོད་དང་སྤོབས་པ་མྱོང་ཚོར་ཟབ་མོ་ཡོང་ཐུབ་ལ། མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་དང་འཛམ་གླིང་གི་ཞི་བདེ་དྲང་བདེན་སྲུང་སྐྱོང་བྱེད་པའི་འགན་འཁྲིར་ངོས་འཛིན་བསལ་པོ་ཡོང་ཐུབ་ཅེས་བཀོད་ཡོད་པ་དང་།

རྩོམ་ཡིག་ནང་། ས་ཁུལ་གྱི་བརྟན་ལྷིང་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་གལ་ཆེའི་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས། ཀྲུང་གོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་ཨེ་ཤེ་ཡ་གླིང་གི་བདེ་འཇགས་ལྟ་བ་བཏོན་པ་མ་ཟད་དེ་དར་སྤེལ་ཧུར་ཐག་གཏོང་བཞིན་ཡོད་ཅིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་། ཞི་བདེ་གོང་འཕེལ་གྱི་གནད་དོན་ཐད་ཀྱི་འབྲེལ་གཏུག་དང་། བསམ་ཤེས། མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་བཞིན་ཡོད། ཀྲུང་གོས་འཛམ་གླིང་གི་ཞི་བདེའི་ཐད་བྱས་པའི་འབད་བརྩོན་དང་ལེགས་སྐྱེས་ལ་རྒྱབ་སྐྱོར་བྱེད་མཁན་དེ་བས་རྒྱ་ཆེར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་མི་དམངས་ཀྱིས་ལག་གདང་མཉམ་དུ་སྦྲེལ་ནས་ཞི་བདེ་སྲུང་སྐྱོང་བྱས་ཚེ། མིའི་རིགས་ཀྱི་མ་འོངས་ཏན་ཏན་མཛེས་སྡུག་ལྡན་པར་འགྱུར་ཐུབ་ཅེས་དང་།

རྩོམ་ཡིག་གི་མཇུག་ཏུ། དམག་འཁྲུག་རྒྱང་དུ་བསྐྱུར་བ་དང་། ཞི་བདེར་གཅེས་སྤྲས་བྱེད་དགོས། ང་ཚོས་ལུ་ཀོ་ཟམ་པའི་འགྲམ་གྱི་དཔའ་ངར་ཞུམ་མེད་ཀྱི་འགོག་རྒོལ་ནམ་ཡང་སེམས་ལ་བརྟན་པོར་ངེས་དགོས་པ་དང་། མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་སྟེ། བཙན་འཛུལ་དམག་འཁྲུག་གི་འཇིགས་སྣང་ལ་དུས་ནམ་ཡང་ཉེན་ཟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱས་ཏེ། རང་སྟོབས་རང་འཕེལ་དང་། རང་བཀུར། རང་གིས་རང་ལ་ཡིད་ཆེས། སྤོབས་སེམས་ལྡན་པ་བཅས་ཀྱི་སྒོ་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་གནས་པ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་དྲང་བདེན་བྱ་གཞག་སྲུང་སྐྱོང་བྱེད་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བཀོད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག