མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་གི་དྲ་ཐོག་དྲན་གསོ་ཁང་གི་དྲ་ཚིགས་ལ་ལྟ་མཁན་མིའི་ཐེངས་གྲངས་ས་ཡ་བརྒྱད་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དྲན་གསོ་ཁང་ནས་ཤེས་རྟོགས་བྱུང་བར། དྲན་གསོ་ཁང་དེས་སྤྱི་ཟླ3པའི་ཚེས27ཉིན་ནས་བཟུང་དྲ་ཐོག་གི་དྲན་གསོ་ཁང་བཀོད་སྒྲིག་བྱས་ཚུན། སྤྱི་ཟླ7པའི་ཟླ་མགོའི་བར་སླེབས་སྐབས་དྲ་ཚིགས་དེ་ལྟ་མཁན་མིའི་ཐེངས་གྲངས་ས་ཡ་བརྒྱད་ཟིན་པ་དང་། དེའི་ནང་ས་ཁོངས་ཕྱིའི་དྲ་གྲོགས་ནང་དྲ་ཚིགས་དེར་ལྟ་མཁན་མིའི་ཐེངས་གྲངས་ཉིས་འབུམ་ལས་བརྒལ་བ་དང་། སྐད་འཕྲིན་སྣ་ཚོགས་ཆིག་འབུམ་ལྷག་ཙམ་བཞག་ཡོད་པ་རེད།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་གི་དྲ་ཐོག་དྲན་གསོ་ཁང་ནི་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དྲན་གསོ་ཁང་དང་། རྒྱལ་སའི་དྲ་སྦྲེལ་མཐུན་ཚོགས་ཀྱིས་པེ་ཅིང་ས་ཁོངས་ཀྱི་དྲ་ཚིགས་གཙོ་བོ་ཁག་དང་། པེ་ཅིང་གི་དྲ་ཐོག་རླུང་འཕྲིན་བརྙན་འཕྲིན་ཁང་དང་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། དྲ་ཚིགས་དེ་དངོས་སུ་དྲ་སྦྲེལ་བྱེད་འགོ་ཚུགས་ཚུན། ས་ཁོངས་ཕྱི་ནང་གི་དྲ་གྲོགས་ཚོས་ལན་ཆ་ཡག་པོ་བྱས་པ་དང་། དྲ་གྲོགས་མི་ཉུང་བས་རང་གིས་ཉར་བའི་ལྗར་འགོག་གི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་དང་། དཔར་རིས་སོགས་དྲ་ཐོག་དྲན་གསོ་ཁང་ལ་བརྒྱུད་གཏོང་བྱས་ཡོད་པ་རེད། རགས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་དྲ་གྲོགས་ཚོས་དྲ་ཐོག་བསྐུར་བའི་ལོ་རྒྱུས་དཔར་རིས་དང་། རིག་དངོས་དཔར་རིས་སོགས་ལྔ་སྟོང་ལས་བརྒལ་ཡོད་པ་དང་། ལྗར་འགོག་མི་སྣའི་གཏམ་རྒྱུད་དང་། ལོ་རྒྱུས་དོན་གཞི་སོགས་སྐོར་གྱི་དཔྱད་གཞིའི་ཡིག་ཆ3500ཙམ་ཟིན་གྱི་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག