མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར11བཏང་ནས་རྣམ་པ་གསར་པའི་ལས་རིགས་ཞིང་པ་གསོ་སྦྱོང་བྱེད་རྒྱུའི་ཐད་ལ་སྤྱོད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-08 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྣམ་པ་གསར་པའི་ལས་རིགས་ཞིང་པའི་གསོ་སྦྱོང་ལས་གྲྭ་དེ་ཉིན་ཤས་གོང་དངོས་སུ་འགོ་བརྩམས་པ་དང་ཀྲུང་དབྱང་ནོར་སྲིད་ནས་ཞིང་པའི་གསོ་སྦྱོང་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར11བཀོད་སྒྲིག་བྱས་ཏེ་རྣམ་པ་གསར་པའི་ལས་རིགས་ཞིང་པ་ཁག་ཅིག་གསོ་སྦྱོང་བྱེད་བཞིན་ཡོད་པ་རེད།

ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་གྱིས། རྣམ་པ་གསར་པའི་ལས་རིགས་ཞིང་པ་ནི་ཞིང་ལས་ཀྱི་གཙོ་བོར་བྱས་པའི་ལས་རིགས་ལ་ཟེར་བ་དང་དེ་ལ་བྱང་ཚད་དང་རྩལ་ནུས་ངེས་ཅན་ལྡན་ཡོད་པ་དང་ཡོང་འབབ་གཙོ་བོ་ཞིང་ལས་ཙམ་མ་ཟད་ཆུ་ཚད་ངེས་ཅན་དུ་སླེབས་པའི་དེང་རབས་ཞིང་ལས་ནང་ཞུགས་པ་ལས་ཐོབ་པ་ཞིག་ཡིན་ཞེས་གསུང་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་པ་གསར་པའི་ལས་རིགས་ཞིང་པའི་གསོ་སྦྱོང་ལས་གྲྭ་དེ་ནི་འོད་སྣང་ལས་གྲྭའི་སྤོ་བསྒྱུར་རིམ་སྤར་ཡིན་པ་རེད། འོ་ན་རྣམ་པ་གསར་པའི་ལས་རིགས་ཞིང་པ་ལ་གསོ་སྦྱོང་བྱེད་པའི་ལས་གྲྭ་དེར་རྣམ་པ་གསར་པ་གང་ཞིག་ཡོད་དམ་ཞེས་དྲིས་པར། ཀྲང་ཐའོ་ལིན་གྱིས་གསོ་སྦྱོང་ལས་གྲྭའི་གསར་གཏོད་ནི་གཙོ་བོ་ཕྱོགས་གསུམ་ཐད་ནས་མངོན་ཐུབ་སྟེ། དེ་ཡང་གཅིག་ནི་གསོ་སྦྱོང་ནས་གསོ་སྐྱོང་བར་གསར་གཏོད་བྱས་པ་མངོན་འགྱུར་ཐུབ་པ་དང་། གཉིས་ནི་འཛིན་གྲྭ་གཉེར་བ་ནས་མི་སྣ་གསོ་སྐྱོང་བར་གསར་གཏོད་བྱས་པ་མངོན་འགྱུར་ཐུབ་པ། གསུམ་ནི་གསོ་སྦྱོང་བྱེད་པའི་བརྒྱུད་རིམ་དཔྱད་ཞིབ་ནས་གྲུབ་འབྲས་དཔྱད་ཞིབ་བར་གསར་གཏོད་བྱས་པ་མངོན་འགྱུར་ཐུབ་པ་བཅས་ཡིན་ཞེས་གསུང་པ་རེད།

ཀྲང་ཐའོ་ལིན་གྱིས་གསོ་སྦྱོང་གི་ཁ་གཏད་དང་ལྷུ་ཚིགས་གདམ་ཀ་བྱེད་དུས་ཐོན་ལས་སྒོ་འབྱེད་ཀྱི་དགོས་མཁོར་དམིགས་ཏེ་རྟོག་ཞིབ་བྱས་པ་དང་དངོས་འབྲེལ་དྲང་འབྲེལ་ཞིང་ལས་ཐོན་སྐྱེད་དང་ཁ་ཚ་དགོས་གཏུགས་ཀྱི་བྱང་ཚད་དང་ཐོན་སྐྱེད་རྩལ་ནུས་མཐོ་རུ་གཏོང་བ་དང་། རྣམ་པ་གསར་པའི་ལས་རིགས་ཞིང་པའི་མི་སྣ་བདམས་ཐོན་གྱི་གསོ་སྦྱོང་བྱེད་འདོད་དུ་གྱུར་བ་བྱས་ཐོག མི་གྲངས་ལོན་དུ་འཇུག་པ་དང་གསོ་སྦྱོང་བྱེད་དུ་འཇུག་པ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཞེས་གསུང་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག