མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་གྱི་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཏུ་ཏང་སྲོལ་སྲིད་སྲོལ་ལ་ལྟ་སྐུལ་ཐེར་འདོན་བྱེད་པའི་ཆེད་བསྒྲིགས་ལེ་ཚན་ཁུལ་བཙུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-08 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱུན་འཁྱོངས་ལྷོད་མེད་དང་རྒྱུན་མཐུད་ནུས་ལྡན་གྱིས་སྤྱོད་ཚུལ་ངན་པ་བཞིར་ཡོ་བསྲང་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་པུས་དྲ་ཚིགས་ཐོག་སྤྱི་ཟླ7པའི་ཚེས7ཉིན་ཏང་སྲོལ་སྲིད་སྲོལ་ལ་ལྟ་སྐུལ་ཐེར་འདོན་བྱེད་པའི་ཆེད་བསྒྲིགས་ལེ་ཚན་བཙུགས་པ་མ་ཟད། དུས་མཚུངས་སུ་ཟླ་རེའི་དྲ་ཐོག་ཆེད་དོན་ལེ་ཚན་གྱི་སྤྱི་ཟླ7པར་འོས་སྦྱོར་བྱས་པའི་བརྗོད་བྱ་གཙོ་བོ་ནི་སུ་དང་གང་གིས་མི་ཤེས་པའི་གསོ་སྦྱོང་ལྟེ་གནས་ནང་དུ་སྤྲོ་སྐྱིད་གཏོང་བ་དང་རྒྱས་སྤྲོས་བྱེད་པ་རྩ་བཀོག་གཏོང་དགོས་ཞེས་པ་དེ་ཡིན།

ངོ་སྤྲོད་བྱས་པར་གཞིགས་ན། ཏང་སྲོལ་སྲིད་སྲོལ་ལ་ལྟ་སྐུལ་ཐེར་འདོན་བྱེད་པའི་ཆེད་དོན་ཁུལ་དུ་གཙོ་བོ་ནང་དོན་གསུམ་བཀོད་སྒྲིག་བྱས་ཡོད་དེ། གཅིག་ནི་སྤྱོད་ཚུལ་འཛུགས་སྐྱོང་ཡིན་པ་དང་དེའི་ནང་ས་གནས་དང་སྡེ་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ཡག་པོ་ངོ་སྤྲོད་བྱས་ནས་ལས་དོན་ལ་བཀོད་འདོམས་དང་སྐུལ་འདེད་བཏང་ཡོད་པ། གཉིས་ནི་སྤྱོད་ཚུལ་ལ་ལྟ་སྐུལ་ཐེར་འདོན་བྱས་ཏེ་ཐད་ཀར་སྤྱོད་ཚུལ་ངན་པ་བཞི་སོགས་ཀྱི་གནད་དོན་ཐེར་འདོན་དང་ཞུ་སྦྱོར་བྱས་པ་བདག་སྤྲོད་བྱས་ཐོག སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱེད་རྒྱུར་ཤར་བགྲོད་ལམ་བུ་བཙུགས་ནས། ཏང་ཡོན་དང་མང་ཚོགས། མཚམས་སྦྱོར་ལས་ཁུངས་བཅས་ཀྱི་ལྟ་སྐུལ་ནང་ཞུགས་རྒྱུར་སྣེ་ཁྲིད་དང་སྟབས་བདེ་མཁོ་འདོན་བྱེད་རྒྱུ། གསུམ་ནི་མིང་འདོན་ཐེར་འདོན་བྱས་ཏེ་རྒྱལ་ཡོངས་སུ་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནས་ཚུལ་ཤེས་རྟོགས་བྱུང་རིགས་ཁྱབ་བསྒྲགས་དང་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་གཞི་ཐེར་འདོན་བྱས་ཏེ་མུ་མཐུད་དུ་སྣོན་ཤུགས་ཐོན་པ་བཅས་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག