མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 10:41

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བདུན་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བདུན་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བར་ཕན་པ་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དང་ཐ་ན་རྒྱལ་སྤྱིའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་ཕན་པ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་བར་གྱི་ཁེ་ཕན་དང་ཡིད་འཇོག་བྱེད་པའི་གནད་དོན་ལ་བརྩི་འཇོག་བྱས་ནས། ཀྲུང་གོ་དང་འཇར་མན་བར་དང་ཀྲུང་གོ་དང་ཡོ་ཡོབ་གླིང་བར་གྱི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་བརྟན་པོ་འདིང་འདོད་ཡོད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་ལ་གྲོགས་པོའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་སུ་གཏོང་བ་དང་། མངའ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་རང་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག