ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཁྱབ་སྒྲོག་བྱས་པ་ལྟར་ན། པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའོ་སེ་ཧྥུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་དང་ཚེས་བཅུ་དྲུག་ཉིན་གཉིས་ལ་པ་ཞི་ནས་བསྡུ་རྒྱུའི་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་རྒྱུ་རེད།
པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའོ་སེ་ཧྥུའུ་དང་ཨ་ཀུན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁི་ལིས་སི་ཏིས་ན། ཝེ་ནེ་ཙུའེ་ལའི་པའོ་ལི་ཝ་ཨར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཏུའུ་ལའོ། ཁུ་པ་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ལའོ་ཨེར་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་གོང་གི་རྒྱལ་ཁབ་བཞིར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་པར་མ་ཟད། པ་ཞིར་འཚམས་འདྲི་བྱེད་སྐབས་ཀྲུང་གོ་དང་ལ་ཏིན་མེ་གླིང་དང་། ཅ་ལི་པིས་རྒྱ་མཚོའི་ས་ཁུལ་ཀྱི་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཐུག་འཕྲད་བྱེད་རྒྱུ་རེད། །