མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«དུག་འགོག་བྱ་བ་གཙིགས་སུ་འཛིན་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-07 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«དུག་འགོག་བྱ་བ་གཙིགས་སུ་འཛིན་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་དུག་འགོག་བྱ་བ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་ཞི་བདེའི་ཀྲུང་གོ། ཁྲིམས་སྐྱོང་ཀྲུང་གོ་བཅས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་དུ་བཞག་སྟེ། ཐོག་མ་ནས་བཅོས་སྐྱོང་དང་མི་གཙོ་བོར་འཛིན་པ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། དོ་དམ་ནན་མོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་གཞི་རྩའི་རྩ་དོན་ལྟར། སྔོན་འགོག་གཙོར་འཛིན་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། དུག་རྫས་བཟོ་བ་དང་བཙོང་བ་སོགས་ཀྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། དེང་སྐབས་ལ་རྐང་འཛུགས་པ་དང་ཡུན་རིང་ལ་བཅོས་སྐྱོང་བྱེད་པ་དང་། གནད་ཆེ་ས་འབུར་དུ་ཐོན་པར་བྱེད་ཅིང་མུ་མཐུད་དུ་དུག་འགོག་བྱ་བའི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱེད་པ་དང་། དུག་རྫས་གནད་དོན་གྱི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། དུག་རྫས་ཀྱི་གནད་དོན་འཕེལ་རྒྱས་རྒྱ་ཡན་དུ་འགྲོ་བ་རྦད་ཆོད་སྒོས་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་དུག་རྫས་སྔོན་འགོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་དུག་འཐེན་མི་སྣའི་ཞབས་ཕྱིའི་དོ་དམ་གསར་སྐྲུན་བྱེད་པ་དང་། ཁྲིམས་དང་འགལ་ནས་དུག་རྫས་ལྐོག་འཚོང་བྱ་འགུལ་སྤེལ་བར་རྡུང་རྡེག་ནན་མོ་བྱེད་དགོས་ལ། དུག་འགོག་རྒྱལ་སྤྱིའི་མཉམ་ལས་དངོས་གཉེར་སྒོས་སྤེལ་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་དུག་འགོག་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་དུག་འགོག་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པར་མ་ཟད་དུག་འགོག་བྱ་བའི་འགན་སྲུང་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག